རྒྱ་ནག་གི་ཚོགས་ཆེན་འཚོགས་ལ་ཉེ་བས་རྒྱལ་ནང་དུ་དམ་དྲག་ཇེ་ཆེར་བཏང་འདུག

2017-10-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་གི་འབྲེལ་མི་སྣས་ཞུ་གཏུག་བྱེད་མཁན་སྲུང་ནས་བསྡད་ཡོད་པ།
རྒྱ་ནག་གི་འབྲེལ་མི་སྣས་ཞུ་གཏུག་བྱེད་མཁན་སྲུང་ནས་བསྡད་ཡོད་པ།
RFA

རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་༡༩་པ་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་བདེ་འཇགས་སྲ་བརྟན་གྱི་མིང་ཐོག་རྒྱ་ནག་རྒྱལ་ཡོངས་ནང་ས་གནས་ཀྱི་དཔོན་རིགས་སོགས་གཞུང་གི་ལས་བྱེད་པས་དྲང་པོ་བྱེད་ཀྱི་མེད་པ་སོགས་ཞུ་གཏུགས་བྱེད་མཁན་དང་།  སྙན་ཞུ་ཕུལ་མཁན། དེ་བཞིན་སྐྱོན་བརྗོད་བྱེད་མཁན་དང་བདེ་སྡུག་ཞུ་མཁན་སྟོང་ཕྲག་མང་པོ་འཛིན་བཟུང་བཀག་སྐྱིལ་བྱས་པ་དང་། རང་གི་ནང་དུ་ལྟ་རྟོག་དམ་པོའི་ངང་བཟང་བཙོན་ལྟ་བུར་བཞག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོག་བྱུང་བར་གཞིགས་ན། ད་བར་བདེ་འཇགས་ཀྱི་མིང་ཐོག་མི་མང་ཁྲི་གཅིག་ལྷག་རང་གི་ཁང་པའི་ནང་བཟང་བཙོན་ལྟ་བུར་བཞག་པ་དང་། འགའ་ཞིག་བཀག་ཉར་དང་འགའ་ཞིག་ཚོུད་༢༤་ལྟ་རྟོག་འོག་བཞག་ཡོད་འདུག
རེས་གཟའ་མིག་དམར་ཉིན་རྒྱ་ནག་ཤར་ཕྱོགས་ཅང་སུའུ་ཞིང་ཆེན་ནས་ཡེ་ཤུའི་ཆོས་ལུགས་གསར་མའི་སློབ་དཔོན་ཀྲང་ཀྲའོ་ཧུའོ་ཞུ་བས་གསུངས་པར་གཞིགས་ན། ཁོང་བདུན་གཅིག་ལྷག་རང་གི་ཁང་པའི་ནང་བཟང་བཙོན་དུ་བཞག་ཡོད་འདུག དེ་བཞིན་ཁོང་གིས་ཅང་སུའུ་ཞིང་ཆེན་ནང་ཉུང་མཐར་མི་མང་སྟོང་ཕྲག་གསུམ་ནས་ལྔ་བར་དམ་བསྒྲགས་ཚད་བཀག་འདྲ་མིན་འོག་བཞག་ཡོད་འདུག
ས་གནས་གཞུང་ལ་བདེ་སྡུག་སྙན་ཞུ་ཕུལ་མཁན་ཏིང་ཧོང་ཕན་ཞུ་བས། ཁོང་གནས་སྡོད་བྱེད་ཡུལ་ཝུའུ་ཞི་གྲོང་ཁྱེར་ནང་མི་མང་སྟོང་ཕྲག་འགའ་ཤས་བཟང་བཙོན་འོག་བཞག་ཡོད་པ་དང་། ཁོང་ཐེ་བའི་རྒྱ་ནག་གཞུང་ལ་བདེ་སྡུག་ཞུ་གཏུགས་བྱེད་མཁན་དང་། སྡུག་སྦྱོང་གནོད་འཚེ་ཕོག་མཁན་རྣམས་ད་ཆ་ལྟ་རྟོག་དོ་ནན་དང་། ཁང་པའི་ཕྱི་ལ་པར་ཆས་མང་པོ་བཙུག་ནས་རང་གི་ནང་དུ་བཟང་བཙོན་ལྟ་བུར་བཞག་ཡོད་ལུགས་གསུངས་འདུག
དེ་བཞིན་ཁོང་གིས་གཞུང་གི་བདེ་འཇགས་ཉེན་རྟོག་པ་ཁོ་མོའི་ནང་དུ་ལྟ་ཞིབ་ཆེད་ཡོང་ཡོད་ལུགས་ཡང་གསུངས་བ་དང་། རྒྱ་ནག་གི་ས་ཁུལ་གཞན་ནས་རྒྱལ་ས་པེ་ཅིང་དུ་བདེ་སྡུག་ཞུ་གཏུག་ཆེད་ཡོང་མཁན་རྣམས་ལའང་བཀག་སྡོམ་ནན་པོ་དང་། ཁོང་ཚོའི་རང་དབང་ཐོག་དམ་བསྒྲགས་བྱེད་ཀྱི་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་སྒྲུབ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།