བོད་དེ་རྒྱལ་ཁབ་ཀྱི་མིང་ཁོངས་སུ་བཞག་པར་ཡོངས་གྲགས་དགོངས་སེལ་ཞུ་དགོས་ཟེར།

2018-01-12
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཨ་རིའི་མཁའ་འགྲུལ་སྤྱི་གཉེར་ཁང་(Delta)གནམ་གྲུ
ཨ་རིའི་མཁའ་འགྲུལ་སྤྱི་གཉེར་ཁང་(Delta)གནམ་གྲུ
Delta/FB

རྒྱ་ནག་གཞུང་གིས་ཨ་རིའི་མཁའ་འགྲུལ་སྤྱི་གཉེར་ཁང་(Delta)་ཡིས་བོད་དང་ཐེ་ཝན་རྒྱབ་ཁབ་ཀྱི་མིང་ཁོངས་སུ་བཞག་པའི་ཐད་ཡོངས་གྲགས་ཀྱི་དགོངས་སེལ་ཞུ་དགོས་པ་བརྗོད་ཡོད་འདུག
དེ་ཡང་(Reuters)་གསར་ལས་ཁང་གིས་རྒྱ་ནག་ཧྲང་ཧེ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༢ ་ཉིན་རྒྱ་ནག་གི་མཁའ་འགྲུལ་དོ་དམ་ཚན་པས། (Delta)་ཞེས་པའི་ཨ་རིའི་མཁའ་འགྲུལ་སྤྱི་གཉེར་ཁང་དེའི་གཞུང་འབྲེལ་དྲ་ཚུགས་ཐོག བོད་དང་ཐེ་ཝན་རྒྱབ་ཁབ་ཀྱི་མིང་ཁོངས་སུ་བཞག་ཡོད་པ་དེའི་རྒྱུ་མཚན་ཇི་ཡིན་ཞིབ་འཇུག་བྱེད་དགོས་པ་མ་ཟད། མཁའ་འགྲུལ་སྤྱི་གཉེར་ཁང་དེའི་ངོས་ནས་རྒྱ་ནག་ལ་ཡོངས་གྲགས་ཀྱི་དགོངས་སེལ་ཞུ་དགོས་པའི་རེ་བ་སྟོན་ཡོད་འདུག
གཞན་རྒྱ་ནག་དམངས་སྤྱོད་མཁའ་འགྲུལ་གྱི་སྤྱི་ཁྱབ་དོ་དམ་ཚན་པས་དྲ་རྒྱའི་ཐོག་རྒྱ་ནག་ནང་ཡོད་པའི་ཕྱི་ཡི་རྒྱལ་ཁབ་ཁག་གི་མཁའ་འགྲུལ་ཚོང་ལས་ཁང་ཡོད་དོ་བཅོག་གི་ངོས་ནས་དྲ་ཚིགས་དང་། གཉེན་ཆས་(App) དེ་བཞིན་འགྲུལ་པའི་ལོ་རྒྱུས་གནས་ཚུལ་སོགས་ལ་ཞིབ་འཇུག་ནན་པོ་བྱས་པ་བརྒྱུད། རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་སྲུང་བྱས་ནས་གོང་ཞུས་དོན་རྐྱེན་དེ་རིགས་མི་ལྷག་པ་བྱེད་དགོས་སྐོར་བསྒྲགས་ཡོད་འདུག
གནས་ཚུལ་ནང་མུ་མཐུད་དུ་འཁོད་པར་ལྟར་ན། ད་ལྟའི་འཆར་ཨ་རིའི་མཁའ་འགྲུལ་སྤྱི་གཉེར་ཁང་(Delta)་ངོས་ནས་དེའི་ཐད་ལན་འདེབས་གསལ་བཤད་གང་ཡང་བྱས་མེད་པ་རེད།
འོན་ཀྱང་ཕྱི་ཚེས་ ༡༢ ་ཉིན་གྱི་སྔ་དྲོ་བར་(Delta)་མཁའ་འགྲུལ་སྤྱི་གཉེར་ཁང་གི་རྒྱ་ཡིག་དྲ་བའི་ཐོག་འགྲུལ་བ་ཚོས་རང་གི་བསམ་ཚུལ་དང་སྐྱོན་བརྗོད་སོགས་འབྲི་ཆོག་གི་ཡོད་པའི་ནང་རང་གི་རྒྱལ་ཁབ་ཀྱི་མིང་འདེམ་དགོས་ཀྱི་ཡོད་པ་དེའི་ནང་བོད་དང་ཐེ་ཝན་རྒྱལ་ཁབ་ཀྱི་མིང་ཁོངས་སུ་བཞག་ཡོད་ཀྱང་། ཉིན་དེའི་རྒྱ་ནག་གི་ཕྱི་དྲོའི་ཆུ་ཚོད་ ༤ ་པ་ནས་བོད་དེ་འདེམ་ཁའི་ནང་མེད་པ་བཟོས་ཡོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།