ནོར་ལྦེའི་སྲིད་བློན་ཟུར་པར་རྒྱ་ནག་གིས་ཐོངས་མཆན་ཕུལ་མེད་པ།

ནོར་ལྦེའི་སྲིད་བློན་ཟུར་པ་ཀེལ་མེག་ནེ་སྦོན་ཌེ་ལྦིཀ་ལ་རྒྱ་ནག་གཞུང་གིས་ཁོང་ལ་ཐོངས་མཆན་ཕྱག་འཁྱེར་ཕུལ་མེད་པའི་གནས་ཚུལ།
2012-06-12
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎དེ་སྔོན་ནོར་ལྦེའི་ཡུལ་གྱི་སྲིད་བློན་ཟུར་པ་ཡིན་པ་ ཀེལ་མེག་ནེ་སྦོན་ཌེ་ལྦིཀ་ ཞུ་བ་ཁོང་རྒྱ་ནག་ལ་ཆེད་བསྐྱོད་གནང་རྒྱུའི་ཐད་རྒྱ་ནག་གཞུང་གིས་ཁོང་ལ་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བ་དེ་ནི་དེ་སྔོན་ལོ་གཉིས་ཙམ་གྱི་གོང་ལ་ཁོང་གིས་རྒྱ་ནག་གཞུང་དང་བལྟ་སྤྱོད་མི་མཐུན་མཁན་ལིའུ་ཤའོ་བྷའོ་ལ་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་གནས་ཚུལ་དེར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་མཚོན་པར་བྱས་ཡོད་པ་རེད།

ནོར་ལྦེའི་སྲིད་བློན་ཟུར་པ་ཀེལ་མེག་ནེ་སྦོན་ཌེ་ལྦིཀ་ནི་དེ་སྔོན་སྤྱི་ལོ་༢༠༠༥་ལོར་སྲིད་བློན་གྱི་མཚན་གནས་བཞག་ཡོད་པ་དང། རྒྱལ་སྤྱིའི་ཆོས་ཚོགས་ཀྱི་འབྲེལ་ཡོད་བར་འདུམ་གནང་མཁན་གྱི་ཕྱག་ལས་གནང་བཞིན་པའི་ཐོག་ད་རེས་རྒྱ་ནག་ནན་ཅིང་གྲོང་ཁྱེར་ཁུལ་ལ་རྒྱལ་སྤྱིའི་ཆོས་ཚོགས་ཀྱི་ཚོགས་འདུར་ཚོགས་བཞུགས་གནང་བར་ཕེབས་འཆར་ཡིན་རུང་ཁོང་ལ་ད་རེས་རྒྱ་ནག་གཞུང་གིས་ཐོངས་མཆན་ཕྱག་འཁྱེར་མ་ཕུལ་བའི་རྒྱུ་མཚན་དེར་ཐུགས་ཕམ་བྱུང་ཚུལ་ཚོགས་པའི་དྲུང་ཆེ་རེལྦ་ཨོ་ལལྦ་ཕིཀསི་ཀྲི་ལྦེཏ་ཡིས་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་གིས་མུ་མཐུད་དེ་གསུང་པར་རྒྱ་ནག་གཞུང་གིས་ནན་ཅིང་དུ་ཚོགས་འདུ་ཚོགས་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་སྲིད་བློན་ཟུར་པ་ ཀེལ་མེག་ནེ་སྦོན་ཌེ་ལྦིཀ་ནི་ཚུལ་ལྡན་ཞིག་ཡིན་པ་ཤེས་བགྱི་ཡོད་པ་རེད། ང་ཚོའི་ཚོགས་འདུར་དོ་ཕོག་འགྲོ་བའི་རྒྱ་ནག་གཞུང་གི་གནང་སྤྱོད་དེར་བློ་ཕམ་བྱུང་ཚུལ་སོགས་ནོར་ལྦེ་གསར་ཤོག་མང་པོའི་ནང་གནས་ཚུལ་དེ་འདྲ་བ་སྤེལ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།