རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་པའི་ཁྲིམས་རྩོད་པ་ཞིག་འཛིན་བཟུང་།


2018.01.19
རྒྱ་ནག་ནང་གི་རྒྱ་རིགས་ཁྲིམས་རྩོད་པ་(Yu Wensheng) རྒྱ་ནག་ནང་གི་རྒྱ་རིགས་ཁྲིམས་རྩོད་པ་(Yu Wensheng)
Yu wensheng

རྒྱ་ནག་གི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པའི་འདོད་ཚུལ་བཏོན་མཁན་གྲས་ཀྱི་ཁྲིམས་རྩོད་པ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
དེ་ཡང་(AP)་གསར་ལས་ཁང་གིས་གནས་ཚུལ་འབྱུང་ཁུངས་གཉིས་ལུང་འདྲེན་གྱིས་བརྗོད་པ་ལྟར་ན། གཟའ་པ་སངས་ཉིན་རྒྱ་རིགས་ཁྲིམས་རྩོད་པ་(Yu Wensheng)་རྒྱ་ནག་པེ་ཅིན་ནང་ཡོད་པའི་ཁོང་གི་རང་ཁྱིམ་ནས་ཞོགས་པ་ཕྲུ་གུ་སློབ་གྲྭར་བསྐྱལ་བའི་སྐབས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་བཅུ་གྲངས་ཙམ་གྱིས་ཁོང་འཇུ་བཟུང་བྱས་ཡོད་འདུག འོན་ཀྱང་ས་གནས་ཉེན་རྟོག་ལས་ཁུངས་ཀྱིས་དེའི་སྐོར་གང་ཡང་ཤེས་ཀྱི་མེད་ལུགས་བརྗོད་ཡོད་འདུག  
ཁྲིམས་རྩོད་པ་(Yu Wensheng)་གྱིས་དུས་ཡུན་རིང་པོའི་རིང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་ཡོང་རྒྱུར་འབད་བརྩོན་གནང་ཡོད་པ་དང་། ལྷག་པར་དུ་ཁོང་འཇུ་བཟུང་མ་བྱས་གོང་གི་ཆུ་ཚོད་འགའ་ཤས་ཀྱི་སྔོན་དུ། ཁོང་གིས་རྒྱ་ནག་གི་རྩ་ཁྲིམས་ལ་སྒྱུར་བཅོས་གཏོང་དགོས་པའི་ཡོངས་ཁྱབ་ཀྱི་ཡི་གེ་ཞིག་གསར་འགོད་པ་ཚོར་ཁྱབ་སྤེལ་བྱས་ཡོད་པ་རེད། ཡི་གེ་དེའི་ནང་རྒྱ་ནག་གི་སྲིད་འཛིན་ཆབ་སྲིད་ཚོགས་པ་མང་པོའི་སྐུ་ཚབ་མཉམ་ཞུགས་ཀྱིས་འོས་འདེམས་ཀྱི་ལམ་ནས་འདེམས་ཐོན་དགོས་པའི་སྐོར་སོགས་བཀོད་ཡོད་པ་རེད།
སྐུ་ཞབས་(Yu Wensheng)་གྱི་ཁྲིམས་རྩོད་པའི་ལག་འཁྱེར་ཉེ་ཆར་གཞུང་ཕྱོགས་ནས་ཕྱིར་བསྡུ་བྱས་ཡོད་པ་དང་། ད་དུང་ཁོང་གིས་ཁྲིམས་རྩོད་པའི་ཚོགས་པ་ཞིག་འཛུགས་རྒྱུར་གཞུང་ཕྱོགས་སུ་སྙན་ཞུ་ཕུལ་ཡོད་ཀྱང་གཞུང་གིས་ངོས་ལེན་བྱས་མེད་ལུགས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་བརྗོད་འདུག
ད་རེས་ཁྲིམས་རྩོད་པ་ཡུའུ་འོན་ཧྲན་འཇུ་བཟུང་བྱ་དགོས་དོན་ནི་ཁོང་གིས་ཕྱི་རྒྱལ་གྱི་གསར་འགོད་པར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་སྐོར་གྱི་སྐད་ཆ་བཤད་པའི་རྐྱེན་གྱིས་རྒྱ་གཞུང་གིས་འཁོན་ལེན་སློག་པ་ཞིག་ཡིན་སྲིད་པ་མི་མང་པོས་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཁོང་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས་པའི་སྐོར་གྱི་སྐད་ཆ་བཤད་པ་དེ་དག་ནི་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ལས་འགུལ་ཞིག་ཡིན་ལུགས་ཉེས་འཛུགས་བྱེད་བཞིན་ཡོད་པ་རེད།
སྤྱིར་རྒྱ་ནག་ནང་ཞེ་ཅིང་ཕིང་གི་འགོ་ཁྲིད་འོག་སྤྱི་དམངས་ཐོབ་ཐང་རྩོད་མཁན་ཚོའི་ཐོག་རྡུང་རྡེག་ཤུགས་ཆེ་རུ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་ཁོང་རྣམས་པར་ཁྲིམས་ཐོག་ནས་རོགས་རམ་གནང་མཁན་གྱི་ཁྲིམས་རྩོད་པ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎