༧གོང་ས་མཆོག་གདན་འདྲེན་ཞུས་པར་རྒྱ་ནག་གིས་འཁོན་ལན་སློག་བཞིན་འདུག


2017.09.19
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་རིའི་(San Diego)སློབ་ཆེན་དུ། ༢༠༡༧།༦ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་རིའི་(San Diego)སློབ་ཆེན་དུ། ༢༠༡༧།༦
OHHDL

ཨ་རིའི་(San Diego)སློབ་ཆེན་གྱིས་༧གོང་ས་མཆོག་གདན་འདྲེན་ཞུས་རྗེས་རྒྱ་ནག་གཞུང་གིས་སློབ་ཆེན་དེར་འཁོན་ལན་སློག་པའི་བྱ་སྤྱོད་སྤེལ་བཞིན་འདུག
འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ཨ་མི་རི་ཀའི་གྲོང་ཁྱེར་(San Diego)འི་ནང་རྟེན་གཞི་བྱས་པའི་ཨ་རིའི་ཀ་ལི་ཧྥོར་ནི་ཡ་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་པ་དེར་མི་འདོད་པའི་རྣམ་པ་བཏོན་ཆེད། ད་ཆ་རྒྱ་ནག་གཞུང་གིས་མཐོ་སློབ་དེའི་ཐོག་འཁོན་ལེན་སློག་བཞིན་ཡོད་འདུག
དེ་ཡང་གོང་ཞུས་གཙུག་ལག་སློབ་གྲ་ཆེན་མོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུས་པར། སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཁག་གི་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱས་པ་ཙམ་མ་ཟད། རྒྱ་ནག་གཞུང་གིས་གཙུག་ལག་སློབ་གྲྭ་དེའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཚོར་ཡང་ངོ་རྒོལ་བྱེད་དགོས་པའི་བརྒྱུད་སྐུལ་བྱས་ཡོད་ཀྱང༌། གཙུག་ལག་སློབ་གྲྭས་རྒྱ་ནག་གི་གནོན་ཤུགས་ལ་མགོ་མ་སྒུར་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པར་བརྟེན། ད་ཆ་རྒྱ་ནག་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་སློབ་ཡོན་སྡེ་ཚན་གྱིས། ཡུལ་དེའི་མི་སེར་ཚོར་གོང་ཞུས་ཀ་ལི་ཕྷོར་ནི་ཡའི་གཙུག་ལག་སློབ་གྲྭར་སློབ་གཉེར་དང་ཉམས་ཞིབ་སོགས་ཀྱི་ཆེད་བསྐྱོད་རྒྱུར་སློབ་ཡོན་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་འདི་ཚེས་ ༡༦ ་ཉིན་གོང་ཞུས་གཙུག་ལག་སློབ་གྲའི་དགེ་རྒན་ཆེན་མོ་རྒྱ་རིགས་(Victor Shih)་ཞུ་བས་གནས་ཚུལ་ཕྱི་བསྒྲགས་གནང་འདུག་པ་མ་ཟད། ཀ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་གྲ་ཆེན་མོས་ཀྱང་གནས་ཚུལ་དེ་བདེན་པ་ཡིན་པ་བརྗོད་ཡོད་ན་ཡང་། མཐོ་རིམ་སློབ་གྲྭ་རང་ལ་རྒྱ་ནག་གཞུང་གིས་འདིའི་ཐད་འབྲེལ་འཐུད་གང་ཡང་བྱས་མེད་པ་འགྲེལ་བརྗོད་གནང་ཞིང་། (San Diego)་མཐོ་རིམ་སློབ་གྲྭའི་ངོས་ནས་འདིའི་ཐད་རྩད་ཞིབ་མུ་འཐུད་གནང་རྒྱུ་ཡིན་པ་བརྗོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎