གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལ་ཁྲིམས་བཅད།

དངོས་བཀོད་གློག་བརྙན་བཟོས་གནང་མཁན་དོན་གྲུབ་དབང་ཆེན་ལགས་སུ་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་དྲུག་གི་དུས་བཀག་ཁྲིམས་ཐག

2010.01.06

༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་གི་ད་ཡོད་གནས་སྟངས་དང་བོད་མི་ཚོའི་དངོས་ཡོད་བསམ་ཚུལ་འཁོད་པའི་དངོས་བཀོད་གློག་བརྙན་བཟོས་གནང་མཁན་དོན་གྲུབ་དབང་ཆེན་ལགས་སུ་རྒྱ་ནག་གཞུང་གིས་བཙོན་འཇུག་ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག

ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ཉིན་དོན་གྲུབ་དབང་ཆེན་ལགས་ཀྱི་གྱོད་དོན་དང་འབྲེལ་བའི་གནད་དོན་ཐད་གསང་བའི་ཁྲིམས་ཞིབ་བྱས་ཏེ་དོན་གྲུབ་དབང་ཆེན་ལགས་སུ་བཙོན་འཇུག་ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་ཁོང་གི་སྤུན་མཆེད་ནས་ར་འཕྲོད་གནང་ཡོད་ཅིང་ རྒྱ་ནག་ཁྲིམས་ཁང་གིས་དོན་གྲུབ་དབང་ཆེན་ལགས་ཀྱི་གནད་དོན་ཐོག་ཁྲིམས་ཞིབ་བྱེད་པའི་བརྒྱུད་རིམ་དང་ ནང་མི་སྤུན་མཆེད་ཚོར་ཁྲིམས་ཞིབ་བྱེད་པའི་སྐབས་ཁྲིམས་ཁང་དུ་ཉན་ཞིབ་སོགས་རྒྱ་ནག་གི་ཁྲིམས་ལུགས་ནང་དོན་ནང་འཁོད་པ་བཞིན་རྩ་བ་ནས་ལག་བསྟར་མ་བྱས་པར་གསང་བའི་ཐོག་ནས་ཁྲིམས་བཤེར་བྱས་ཏེ་ཁྲིམས་ཐག་བཅད་ཡོད་པ་རེད་ དོན་གྲུབ་དབང་ཆེན་ལགས་དང་ཕྱག་རོགས་དགེ་འདུན་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ བོད་ནང་གི་བོད་མི་ཚོའི་དངོས་ཡོད་བསམ་ཚུལ་བཏོན་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་གནང་བའི་རྐྱེན་གྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་ཕྱོགས་ནས་འཛིན་བཟུང་བྱས་ཡོད་པ་དང་དགེ་འདུན་འཇིགས་མེད་རྒྱ་མཚོ་ལགས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༡༥ཉིན་གློད་བཀྲོལ་བྱུང་ཡོད་པ་དང་ ཡིན་ནའི་དོན་གྲུབ་དབང་ཆེན་ལགས་ད་བར་འཛིན་བཟུང་བཀག་ཉར་གྱིས་ གཞུང་ཕྱོགས་ནས་སྔ་ལོ་གསང་བའི་ཐོག་ནས་ཁྲིམས་ཞིབ་བྱས་ཡོད་ན་ཡང་ ད་བར་ཁྲིམས་ཐག་བཅད་མེད་པ་དང་ ད་རེས་ཁོང་ལ་ཟི་ལིང་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་དོན་གྲུབ་དབང་ཆེན་ལགས་སུ་བཙོན་འཇུག་ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་པའི་རྗེས་ད་ལྟའི་ཆར་ཁོང་ག་པར་ཡོད་མེད་དང་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མིན་སོགས་ཤེས་རྟོགས་གསལ་པོ་མེད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎