རྒྱ་ནག་གཞུང་གིས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་མགྱོགས་ལམ་སྒོ་འབྱེད་བྱས་འདུག

2017-10-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་དང་རྒྱ་གར་གྱི་ས་མཚམས།
བོད་དང་རྒྱ་གར་གྱི་ས་མཚམས།
དྲ་བཤུས།ibtimes

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ས་ཁུལ་གྱི་ཉེ་འཁོར་དུ་ཆགས་པའི་ཀོང་པོ་ཉིང་ཁྲི་དབར་གྱི་མགྱོགས་ལམ་སྒོ་འབྱེད་བྱས་འདུག
དེ་ཡང་འདི་ཚེས་༢་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་མགྱོགས་ལམ་དེ་སྒོ་འབྱེད་བྱས་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་དབར་སྤྱི་ལེ་༤༠༩་ཙམ་ཡོད་པའི་མགྱོགས་ལམ་ཞིག་ཡིན་པར། རྒྱལ་ས་ལྷ་ས་དང་། ཉིང་ཁྲི་གཉིས་ནི་བོད་ནང་གི་མཛེས་སྡུག་ལྡན་པའི་ས་ཁུལ་ཞིག་ཡིན་དུས་ས་ཁུལ་དེ་གཉིས་བོད་ནང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཞིག་ཆགས་ཡོད་སྟབས་གསར་དུ་སྒོ་འབྱེད་བྱས་པའི་མགྱོགས་ལམ་དེ་དག་འཛུགས་བསྐྲུན་གྱི་ལས་དོན་ལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་དྲུག་མིན་ཙམ་བཏང་ཡོད་པ་རེད།
ད་ཆ་བོད་ནང་ཕེབས་མཁན་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ཡང་ལྷ་ས་ནས་ཉིང་ཁྲི་དབར་དུས་ཡུན་ཚོུད་བརྒྱད་ནས་ལྔ་བར་གྱི་ལམ་ཐག་ཐུང་དུ་ཕྱིན་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གསལ་སྟོན་གནང་འདུག
རྒྱ་གར་གྱི་PTI་གསར་སྤེལ་ལས་ཁང་གི་གནས་ཚུལ་ནང་། བོད་ནང་གི་མགྱོགས་ལམ་མང་ཆེ་བའི་ཐོག་དམག་མིའི་མཁོ་ཆས་ལ་སོིགས་པའི་དམག་མི་ཚོས་བེད་སྤྱོད་བྱེད་ཡས་ཀྱི་ཅ་དངོས་མང་པོ་མོ་ཊའི་ནང་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད། ད་རེས་གསར་དུ་སྒོ་འབྱེད་བྱས་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་དབར་གྱི་མགྱོགས་ལམ་དེའི་ཐོག་གནས་སྐབས་རིང་ལྗིད་ཚད་ཅན་གྱི་དོལ་བསྐྱེལ་རླངས་འཁོར་འགྲོ་ཡོང་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་གྱི་ལས་འཆར་ཆེན་པོ་དེ་འདྲ་ཞིག་སྤེལ་གནང་བ་བཞིན་རྒྱ་གར་གྱི་ཕྱོགས་ནས་ཀྱང་དེ་དང་འདྲ་བའི་ལས་འཆར་ཞིག་རྒྱ་གར་ནང་སྤེལ་དགོས་པའི་སྐུལ་མ་ཐེབས་ཀྱི་ཡོད་པ་རེད་ཅེས་བཀོད་འདུག

གསར་འགོད་པ་དབྱངས་སྒྲོན།   

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།