རྒྱ་ནག་གིས་གསང་བའི་ལས་དོན་གྱི་ཁྲིམས་གཞིའི་ཟིན་བྲིས་ཕྱི་བསྒྲགས།

2017-05-16
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་ནང་གི་ཆོས་དད་པ་དང་རྒྱ་ནག་གི་ཉེན་རྟོག་པ།
བོད་ནང་གི་ཆོས་དད་པ་དང་རྒྱ་ནག་གི་ཉེན་རྟོག་པ།
པར་ཚགས།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཚོཊ་སྡེ་ཁག་གི་ཐོག་སྟངས་འཛིན་ཤུགས་ཆེ་རུ་གཏོང་ཆེད་ཁྲིམས་གཞི་ཟིན་བྲིས་གསར་པ་ཞིག་ཕྱི་བསྒྲགས་བྱས་འདུག
རྒྱ་ནག་ནང་གཞུང་གིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང༌། དེ་བཞིན་ཡུལ་དེའི་ནང་ཡོད་པའི་ཕྱི་རྒྱལ་གྱི་ཚོགས་སྡེ་ཁག་གི་ཐོག་དོ་དམ་དང་སྟངས་འཛིན་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་ཕྱི་ཚེས་ ༡༦ ཉིན་ཁྲིམས་གཞིའི་ཟིན་བྲིས་གསར་པ་ཞིག་ཕྱི་བསྒྲགས་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་ (Xi Jinping) གཞུང་འཛིན་དབང་ཆའི་ཐོག་སླེབས་པ་ནས་བཟུང་། རྒྱ་ནག་རྒྱལ་ནང་དང་ཕྱི་ཕྱོགས་ཀྱི་ཉེན་ཁའི་རིགས་ལ་གདོང་ལེན་བྱེད་ཐབས་ཀྱི་སྒྲིག་གཞི་འདྲ་མིན་ལག་བསྟར་འགོ་འཛུགས་བྱས་དང་བྱེད་མུས་ཡིན་པ་ལྟར། ཕྱི་ལོ་ ༢༠༡༤ ལོར་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁར་ཁ་གཏད་གདོང་ལེན་བྱེད་ཕྱོགས་དང༌། གནས་འཕྲིན་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ། དེ་བཞིན་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཐོག་སྟངས་འཛིན་བྱེད་རྒྱུ་སོགས་ལ་དམིགས་པའི་ཁྲིམས་གཞི་ཞིག་གཏན་འབེབ་བྱས་ཡོད་པའི་ཐོག ཚེས་༡༦་ཉིན་ཡང་བསྐྱར་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཁང་གིས་ལྷན་ཁང་དེའི་དྲ་རྒྱའི་ཐོག རྒྱལ་ཡོངས་བདེ་འཇགས་ཁྲིམས་གཞི་ཟེར་བའི་ཟིན་བྲིས་ཤིག་གསལ་བསྒྲགས་བྱས་ཡོད་པ་རེད།
ཁྲིམས་གཞི་གསར་པ་དེའི་ནང་། གཞུང་གིས་དྭོགས་གཞི་ཡོད་པའི་མི་སྣར་སོ་བལྟ་བྱེད་ཆོག་པ་དང༌། མི་སྒེར་གྱི་སྡོད་ཁང་དང་ཚོགས་སྡེ་ཁག་གི་ཡིག་ཚང་བཅས་པར་བསྔོག་བཤེར་བྱེད་ཆོག་པ། རླངས་འཁོར་སོགས་སྒེར་དང་ཚོགས་སྡེ་ཁག་གི་བཅའ་དངོས་གཞུང་བཞེས་གཏོང་ཆོག་པ། རྒྱལ་ནང་དང་ཕྱི་རྒྱལ་གྱི་མི་སྒེར་པ་དང་ཚོགས་སྡེ་ཁག་ལ་སྟངས་འཛིན་དང་ཞིབ་འཇུག་བྱེད་ཆོག་པ་བཟོས་ཡོད་པ་དང༌། གསལ་བསྒྲགས་བྱས་པའི་ཁྲིམས་གཞིའི་ཟིན་བྲིས་དེ་དག་གི་ཐོག་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་རྗེས་རིམ་པས་ལག་བསྟར་བྱ་འཆར་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།