རྒྱ་ནག་གཞུང་གིས་སླར་ཡང་ཆ་རྐྱེན་རྙིང་པ་བསྐྱར་ཟློས་བྱས་པ།

2008-07-07

རྒྱ་ནག་གཞུང་གིས་སླར་ཡང་༸གོང་ས་མཆོག་ལ་རྒྱབ་སྐྱོར་མི་ཆོག་པ་བཞི་ཟེར་བའི་དེ་སྔའི་ཆ་རྐྱེན་རྙིང་པ་རྣམས་སྐྱར་ཟློས་བྱས་ཡོད་པ་རེད་

༄༅༎རྒྱ་ནག་གཞུང་གིས་དེ་རིང་སླར་ཡང་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་མི་ཆོག་པ་བཞི་ཟེར་བའི་དེ་སྔའི་ཆ་རྐྱེན་རྙིང་པ་རྣམས་སྐྱར་ཟློས་ཀྱིས་ ཆ་རྐྱེན་གསར་པའི་ཚུལ་དུ་གསལ་བསྒྲགས་བྱས་ཡོད་པ་རེད་

དེ་ཡང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གིས་འཐབ་ཕྱོགས་གཅིག་འགྱུར་ཟེར་བའི་འགན་འཛིན་གྱི་མགྲིན་ཚབ་པ་ཞིག་གིས་བརྗོད་པ་ལུང་འདྲེན་གྱིས་ མི་ཆོག་པ་བཞིའི་ནང་ ཏཱ་ལའི་བླ་མས་ཨོ་ལིམ་པིག་གི་རྩེད་འགྲན་ལ་གནོད་འཚེའི་ལས་འཆར་ལ་རྒྱབ་སྐྱོར་མི་ཆོག་པ་དང་ ཁྲིམས་འགལ་ནག་ཅན་གྱི་ལས་དོན་ལ་རྒྱབ་སྐྱོར་མི་ཆོག་པ་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ལ་བཀག་སྡོམ་གྱིས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་རྒྱབ་སྐྱོར་མི་ཆོག་པ་ བོད་རང་བཙན་རྩོད་གླེང་གི་འདོད་ཚུལ་དང་ ལས་འགུལ་གང་ལའང་རྒྱབ་སྐྱོར་མི་ཆོག་པ་བཅས་ ཆ་རྐྱེན་བཞི་བཏོན་ཡོད་པ་རེད་ དེ་ཡང་འཐབ་ཕྱོགས་གཅིག་འགྱུར་ཞེས་པའི་ཚན་པའི་མགྲིན་ཚབ་པ་དེས་ ཏཱ་ལའི་བླ་མས་ གལ་ཏེ་རྙོག་ཟིང་མེད་པའི་འོས་འཚམས་ཀྱི་རྒྱབ་སྐྱོར་མི་ཆོག་པའི་གནད་དོན་བཞི་པོར་དང་ལེན་མ་ཐུབ་པ་ཡིན་ན་ མ་འོངས་པར་ཕྱོགས་གཉིས་ཀྱི་དབར་འབྲེལ་མོལ་ཞུ་རྒྱུའི་ཁོར་ཡུག་ཞིག་བསྐྲུན་ཐབས་བྲལ་སྐོར་བརྗོད་ཡོད་པ་རེད་ རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་ལངས་ཕྱོགས་དེ་ནི་ ད་རེས་ཉིན་ཤས་གོང་བོད་རྒྱ་འབྲེལ་མོལ་གི་སྐུ་ཚབ་གཉིས་ཀྱི་ལྷན་གྲོས་མོལ་གྱི་རྗེས་ བོད་རྒྱའི་དཀའ་རྙོག་སེལ་ཐབས་བཟང་ཕྱོགས་ཀྱི་དགོངས་བཞེས་གང་ཡང་མེད་པར་ སླར་ཡང་གཅིག་མཇུག་གཉིས་འཐུད་ཀྱིས་ བོད་མིའི་སྐུ་ཚབ་ལ་ཆོག་དང་མི་ཆོག་གི་ རྫོགས་མཐའ་མེད་པའི་ཆ་རྐྱེན་བཏོན་པ་ཞིག་ཡིན་པ་རེད་ བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་གཉིས་ཀྱིས་ ད་རེས་ཀྱི་གྲོས་མོལ་དེ་ནི་ དཀའ་ངལ་ཆེ་ཤོས་ཤིག་བྱུང་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་དང་ རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་ཀྱང་ རྒྱ་ནག་གི་དཔོན་རིགས་ཚོས་ ཨ་ལིམ་པིག་གི་རྩེད་འགྲན་གོ་སྒྲིག་གི་ལས་འཆར་ལ་སྐྱོན་གནད་མི་འབྱུང་བའི་ཆེད་ ༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ལྷན་གྲོས་མོལ་ཞུ་ཡི་ཡོད་ཚུལ་བྱས་པ་ལས་ དོན་དུ་༸གོང་ས་མཆོག་ནས་གུ་བཤང་ཇི་ཙམ་གནང་ཡང་ ནང་དོན་རྒྱ་ནག་གི་ལྕགས་རིའི་རྒྱང་ལ་བཀའ་མོལ་ཞུ་ཡི་ཡོད་པ་ལྟ་བུ་རེད་ཅེས་གསུངས་ཀྱི་ཡོད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

སྟག་འཚེར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པ།

རྒྱ་མིའི་སྲིད་འཛིན་དང་ཨི་རན་གྱི་སྲིད་འཛིན་མཇལ་མོལ་གནང་བ།

ཧོང་ཀོང་ས་གནས་སྲིད་གཞུང་གི་ཁྲིམས་བཟོའི་འོས་བསྡུ་བྱེད་རྒྱུ།

སྟག་འཚེར་རིན་པོ་ཆེ་དགོངས་པ་གཤེགས་པ།

བོད་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་འཆར་ཡོད་པ་རེད།

རྒྱལ་སྤྱིའི་གཞོན་ནུའི་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་སྐོར།

རྒྱ་ནག་ཧུའུ་ནན་ཤང་ཤིའི་ས་གནས་སུ་མི་མང་གི་ངོ་རྒོལ་ལངས་བ།

རྒྱ་ནག་གི་ས་ཁུལ་གཞན་ཞིག་ནང་ལ་ཡང་ངོ་རྒོལ་བྱས་ཡོད་འདུག

ཤིན་ཅང་དུ་ཁ་ཆེའི་ཆོས་ཕྱོགས་དུས་ཆེན་ལ་དམ་བསྒྲགས་བྱས་པ།

ཉིས་སྟོང་བཅུ་གཅིག་པའི་བཀའ་བློན་ཁྲི་པ་གདམ་ཚུལ།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org