རྒྱ་ནག་གིས་པ་ཀིསི་ཐན་ནང་དམག་དོན་རྟེན་གཞི་གསར་རྒྱག་བྱ་རྒྱུའི་གསལ་བསྒྲགས་བྱས་པ།


2018.01.06
རྒྱ་ནག་གིས་པ་ཀིསི་ཐན་ནང་དམག་དོན་རྟེན་གཞི་གསར་རྒྱག་བྱ་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ། པ་ཀིསི་ཐན་གྱི་ སྦ་ལོ་ཆིསི་ཐན་མངའ་སྡེའི་ Gwadar མཚོ་ཁའི་འདྲ་པར།
ཨེ་ཨེཕ་པི།

༄༅། །གཟའ་འཁོར་འདིའི་ནང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་མཆོག་གིས་པ་ཀིསི་ཐན་ལ་རོགས་དངུལ་གཅོག་ཆ་བྱ་རྒྱུའི་འཆར་གཞི་གསལ་བསྒྲགས་གནང་རྗེས་རྒྱ་ནག་གིས་པ་ཀིསི་ཐན་ནང་འཐབ་ཇུས་ཀྱི་གནད་འགག་ཆེ་བའི་མཚོ་ཁ་ཞིག་གི་ཐོག་དམག་དོན་རྟེན་གཞི་གསར་རྒྱག་བྱ་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་འདུག
མཚོ་དམག་གི་རྟེན་གཞི་འདི་ནི་པ་ཀིསི་ཐན་གྱི་ སྦ་ལོ་ཆིསི་ཐན་མངའ་སྡེའི་ Gwadar མཚོ་ཁར་རྒྱག་རྒྱུ་ཡིན་པ་རྒྱ་ནག་གི་དམག་དོན་དཔོན་རིགས་ཁག་གཅིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཕོ་ཉ་ཞེས་པ་ཧོང་ཀོང་ནང་ཡོད་པའི་གསར་ལས་ཁང་ལ་བརྗོད་འདུག་ཅིང་། ཁོང་ཚོས་ད་ལྟའི་ Gwadar མཚོ་ཁར་ཡོད་བཞིན་པའི་རྟེན་གཞི་དེས་རྒྱ་ནག་གི་མཚོ་དམག་སྡེ་ཁག་ལ་དགོས་མཁོའི་མཐུན་རྐྱེན་མཁོ་སྤྲོད་ཐུབ་ཀྱི་མེད་པ་འགྲེལ་བརྗོད་བྱས་འདུག  འདི་ནི་རྒྱ་ནག་གིས་ཕྱིའི་ཡུལ་གྲུ་ཞིག་གི་ནང་དམག་དོན་རྟེན་གཞི་འཛུགས་བསྐྲུན་གྱི་ལས་གཞི་གཉིས་པ་དེ་ཆགས་རྒྱུ་ཡིན་འདུག་ཅིང་།  དེའི་གོང་ཨཕྷ་རི་ཀའི་ཡུལ་གྲུ་ Djibouti་འི་ནང་མཚོ་དམག་རྟེན་གཞི་ཞིག་འཛུགས་བསྐྲུན་བྱས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་མང་པོས་ཨ་མི་རི་ཀས་ས་ཁུལ་འདིའི་ནང་གི་ཞི་དྲག་གི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གི་ངོས་ནས་གོ་སྐབས་འདི་བླངས་ཏེ་དམག་དང་དཔལ་འབྱོར། ཆབ་སྲིད་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏོང་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུག  ལྷག་པར་དུ་པ་ཀིསི་ཐན་ལྟ་བུ་ཕྱི་རྒྱལ་གྱི་རོགས་དངུལ་ཤུགས་ཆེ་ལ་བརྟེན་པའི་ཡུལ་གྲུ་ཞིག་ལ་ཨ་མི་རི་ཀའི་རོགས་དངུལ་ཅོག་ཆ་བྱེད་རྒྱུ་ཡིན་ལུགས་བརྗོད་བཞིན་པའི་རྐྱེན་གྱིས་རྒྱ་ནག་དང་དམིགས་བསལ་འབྲེལ་ལམ་ཉེ་རུ་མི་བཏང་ཐབས་མེད་ཀྱི་སྲིད་ཇུས་བཟུང་དགོས་པ་ཆགས་ཀྱི་ཡོད་འདུག
རྒྱ་ནག་གིས་ངོས་ནས་པ་ཀིསི་ཐན་ནང་དམག་དོན་གྱི་རྟེན་གཞི་འཛུགས་རྒྱུའི་འཆར་གཞི་འདི་ནི་རྒྱ་གར་རྒྱ་མཚོའི་ནང་དམག་དོན་གྱི་ནུས་པ་རྒྱ་སྐྱེད་བྱེད་བཞིན་པའི་འཐབ་ཇུས་འཆར་གཞིའི་ཆ་ཤས་གལ་ཆེ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎