རྒྱ་ནག་གི་ནད་ཡམས་རྒྱལ་ཚོགས་ནང་ཁྱབ་ཡོང་གི་འདུག་ཟེར།

2017-05-24
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ལྕམ་Sophia Richardson་ལགས། ༢༠༡༥
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ལྕམ་Sophia Richardson་ལགས། ༢༠༡༥
Lhuboom/RFA

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐབ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ནད་ཡམས་དེ་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ལ་ཁྱབ་གདལ་ཕྱིན་ཡོད་སྐོར་འདི་ཚེས་༢༤་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ལྕམ་Sophia Richardson་ལགས་ཀྱིས་རྩོམ་བྲིས་སྤེལ་འདུག
དེ་ཡང་ཁོང་མོའི་རྩོམ་བྲིས་ནང་། འདི་ལོའི་སྟོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་Antonio་Guterresཡིས་ནད་ཡམས་ཞིག་ལྷོ་དང་། བྱང་། ཤར་དང་ནུབ། གང་ལྟར་ཕྱོགས་གང་སར་ཁྱབ་བཞིན་ཡོད་སྐོར་གསུངས་ནས་འཛམ་གླིང་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་ཞེན་པའི་གནས་སྟངས་འགྲེལ་བཤད་རྒྱབ་འདུག འོན་ཀྱང་Guterresཡིས་ཐུགས་ཚབ་གནང་དགོས་པ་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་པ་སྤྱི་དང་། ལྷག་དོན་དུ་རྒྱ་ནག་གཞུང་ངོས་ནས་གནོན་ཤུགས་སྤྲོད་བཞིན་པ་དེ་ཡོངས་གྲགས་ཡིན་པ་དང་། རྒྱ་ནག་ནི་མཉམ་
འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་ཚོགས་མི་ཞིག་ཀྱང་རེད། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་༤་ཚེས་༢༦་ཉིན་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པ་ཇར་མན་ནང་གནས་སྡོད་Dolkun Isa་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་གདོད་མའི་མི་རིགས་ཀྱི་གནད་དོན་ཚོགས་འདུ་ཞིག་ལ་ཕེབས་པ་དང་། ཁོང་དེར་ཕེབས་ཆོག་པའི་ཕྱག་ཁྱེར་སོགས་ཆ་ཚང་ཡོད་ན་ཡང་ཚོགས་འདུ་དེ་སྒྲོལ་བའི་རྗེས་སུ་ཁོང་ཚོགས་ཁང་ནས་ཕྱིར་འགྲོ་སྐབས་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣས་ཁོང་ལ་གདོང་ཐུག་བྱས་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁོངས་ནས་འཕྲལ་དུ་འགྲོ་དགོས་སྐོར་རྒྱུ་མཚན་གང་ཡང་གསལ་བཤད་མ་བྱས་པར་བཙན་བཀའ་བཏང་། ཕྱི་ཚེས་༢༨་ཉིན་ཚོགས་འདུ་མུ་མཐུད་ཚོགས་སྐབས་ཁོང་ཚོགས་འདུར་མ་བཏང་བར་བཀག་འགོག་བྱས་པ་དང་དེའི་རྒྱུ་མཚན་ཇི་ཡིན་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་འབྲེལ་ཡོད་མི་སྣར་འདྲི་རྩད་བྱེད་སྐབས། དེའི་ཐོག་གནས་ཚུལ་གང་ཡང་མེད་ལུགས་ལན་འདེབས་བྱས། SophiaRichardsonལགས་ཀྱིས་གོང་ཞུས་གནས་ཚུལ་དེ་གཅིག་པུ་མ་ཡིན་པར་དེ་དང་དེ་འདྲ་བའི་གནས་ཚུལ་རིམ་པ་མང་པོ་བྱུང་བ་ཁག་ཀྱང་རེ་རེ་བཞིན་བཀོད་གནང་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།