བོད་ནང་གློག་གི་མཐུན་རྐྱེན་རྒྱ་བསྐྱེད་ཀྱི་ལས་གཞི།

རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་སུ་གློག་གི་མཐུན་རྐྱེན་རྒྱ་བསྐྱེད་གཏོང་རྩིས་ཡོད་པའི་གསལ་བསྒྲགས་གནང་འདུག
2012-06-03
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་འབྱུང་འགྱུར་ལོ་བཅུའི་ནང་བོད་ནང་གློག་གྱི་མཐུན་རྐྱེན་རྒྱ་བསྐྱེད་ཆེད་རྒྱ་སྒོར་ཡུ་འན་ཐེར་འབུམ་བཞི་བརྒྱ་འམ་ཨ་མེ་རི་ཀའི་ཌོ་ལར་ ཐེར་འབུམ་༦༣ལྷག་ཙམ་གཏོང་རྩིས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་པ་སངས་ཉིན་རྒྱལ་ཡོངས་ནུས་ཤུགས་འཛིན་སྐྱོང་གིས་གཞུང་འབྲེལ་གནས་ཚུལ་སྤེལ་དོན་ལྟར་ན།  རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ས་ཁུལ་ནང་པོའི་ནང་ཕྱི་ལོ་༢༠༡༥ནང་ཚུད་གློག་གི་མཐུན་རྐྱེན་རྒྱ་བསྐྱེད་གཏང་རྒྱུ་ཡིན་ལུགས་རྒྱལ་ཡོངས་ནུས་ཤུགས་འཛིན་སྐྱོང་གི་འགན་འཛིན་གཞོན་པ་ལིའུ་ཆི་ཡིས་བྭེ་ཅིང་ན་ཚོགས་འདུ་ཞིག་གི་ཐོག་གསལ་བསྒྲགས་གནང་ཡོད་འདུག དབུས་གཞུང་གིས་ཡུ་འན་ཐེར་འབུམ་བཞི་བརྒྱ་ཐམ་པ་ཟུར་འཇོག་ཐོག་གཞུང་འབྲེལ་གློག་ཁང་ཆེ་ཁག་བཅུ་གཅིག་གིས་ཕྱི་ལོ་༢༠༡༡ནས་༡༥བར་མ་རྒྱ་སྒོར་ས་ཡ་༩༠༠ཐམ་པ་རོགས་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག ཕྱི་ལོ་༢༠༡༡ལོ་འཇུག་བར་བོད་ནང་གི་མི་འབྱོར་བརྒྱ་ཆ་ལྔའམ་ཡུལ་མི་འབུམ་ལྔ་ལ་གློག་གི་མཐུན་རྐྱེན་མེད་ལུགས་འགྲེལ་བརྗོད་བྱས་འདུག།