ཞི་ཅིན་ཕིང་གིས་ཨ་རིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩ་འཛིན་གནང་དགོས་པའི་ནན་བརྗོད།

2017-11-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང༌།
ཨ་རིའི་སྲིད་འཛིན་ཌོ་ནལ་ཌ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང༌།
ཨེ་ཨེཕ་པི།

༄༅། །རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་རྒྱ་ནག་དང་ཨ་རིའི་འབྲེལ་བའི་ནང་།། ཐེ་ཝན་གྱི་གནད་དོན་དེ་གལ་གནད་དང་སྣོ་ངར་ཆེ་ཤོས་ཀྱི་གནད་དོན་ཞིག་ཡིན་ལུགས་ཨ་རིའི་སྲིད་འཛིན་Donald Trump མཆོག་ལ་གསལ་འདོན་གནང་ཡོད་པ་Reuters གསར་ཁང་གིས་སྤྱི་ཚེས་༩་ཉིན་གནས་ཚུལ་སྤེལ་འདུག
ཨ་རིའི་སྲིད་འཛིན་Donald Trump མཆོག་གིས་ དེ་སྔོན་ཁོང་སྲིད་འཛིན་དུ་འོས་འདེམས་བྱུང་མཚམས་ཐེ་ཝན་གྱི་སྲིད་འཛིན་མཆོག་ནས་ཁོང་ལ་རྒྱལ་ཁའི་འཚམས་འདྲིའི་ཞལ་པར་བཞེས་ཏེ་ལོ་རྒྱུས་ཐོག་དེ་ལྟར་ཐེ་ཝན་གྱི་སྲིད་འཛིན་ཞིག་དང་ཐད་ཀར་བཀའ་མོལ་གནང་པ་ཐོག་པ་དེ་ཆགས་པ་མ་ཟད། རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་ཉེན་གྱི་སྐོར་རྒྱ་ནག་ལ་ཁོང་ཁྲོ་དང་བློ་འཚབས་བྱུང་ཡོད་པ་རེད། དེ་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ སྲིད་འཛིན་ཞི་ཅིང་ཕིང་དང་ སྲིད་འཛིན་Trump རྣམ་གཉིས་དབར་གྱི་མཇལ་འཛོམས་གནང་རྗེས་གསར་འགོད་ལྷན་ཚོགས་སྐབས། དབུ་འཁྲིད་རྣམ་གཉིས་ནས་ ཐེ་ཝན་གྱི་གནད་དོན་ཐོག་བཀའ་མོལ་ཇི་བྱུང་སྐོར་གླེང་སློང་གནང་མེད་ཀྱང་ནང་མོལ་གྱི་མཇལ་འཛོམས་སྐབས་དེ་ལྟར་བཀའ་གྲོས་ཁ་གསལ་བྱུང་ཡོད་ལུགས་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་བསྒྲགས་གཏམ་སྤེལ་འདུག དེ་ཡང་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། སྲིད་འཛིན་ཞི་ཅིན་པིིན་གྱིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་། ལྷག་པར་ཨ་རྒྱ་གཉིས་དབར་གྱི་ཆབ་སྲིད་ཀྱི་གཞི་རྩའི་འབྲེལ་ལམ་ནང་།  ཐེ་ཝན་གྱི་གནད་དོན་ནི་གལ་ཆེ་ཤོས་དང་ཚོར་བ་རྣོ་ཤོས་ཡིན་ཞེས་ཨ་རིའི་སྲིད་འཛིན་མཆོག་ལ་ནན་ཏན་གྱིས་གསུངས་ཡོད་ལུགས་བརྗོད་འདུག མཇལ་མོལ་དེའི་ཁྲོད་ སྲིད་འཛིན་ཞི་ཅིན་གྱིས་ཨ་རི་གཞུང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་རྩ་འཛིན་མུ་མཐུད་གནང་དགོས་པ་དང་། རྒྱལ་ཁབ་གཉིས་བར་ཀྱི་འབྲེལ་བའི་འཕེལ་རིམ་ལ་གནོད་འཚེ་ཡོང་གཞི་རིགས་ལ་ཡིད་ཟབ་གནང་གལ་ཆེ་བ་ཡིན་ལུགས་ནན་བརྗོད་བྱས་ཡོད་འདུག༎  
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།