རྒྱ་ནག་གཞུང་གིས་བོད་ནང་གི་ཏང་ཡོན་ལས་བྱེད་པའི་ཐོག་སྟངས་འཛིན།

2017-05-16
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་གི་ཉེན་རྟོག་པ་དང་ཉེན་རྟོག་པའི་མོ་ཊ།
རྒྱ་ནག་གི་ཉེན་རྟོག་པ་དང་ཉེན་རྟོག་པའི་མོ་ཊ།
པར་ཚགས།

རྒྱ་ནག་གཞུང་གིས་བོད་ནང་གི་གུང་ཁྲན་ཚོགས་པའི་ཚོགས་མི་ཚོས་སྐད་ཆ་དྲང་པོ་ཤོད་ཀྱི་ཡོད་མེད་ཀྱི་ཤེས་རྟོག་ཆེད་ཚོགས་མིའི་ཚོའི་ཐོག་དེང་རབས་འཕྲུལ་ཆས་བེད་སྤྱོད་བྱས་ནས་བོད་ནང་སྟངས་འཛིན་གྱི་ནུས་པ་ཆེ་རུ་གཏོང་བཞིན་ཡོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཟླ་ལྔ་པའི་ཚེས་༡༥ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། བོད་ཤར་ཕྱོགས་ཀྱི་ས་ཁུལ་དཀར་མཛེས་དང་། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ནང་རྒྱ་ནག་གཞུང་གིས་གུང་ཁྲན་ཚོགས་པའི་ཚོགས་མི་ཚོས་གུང་ཁྲན་ཚོགས་པར་ཡིད་ཆེས་དང་། ཞེན་ཁོག་ཡོད་མིན་ཤེས་རྟོག་ཆེད་ས་གནས་ཀྱི་གུང་ཁྲན་ཚོགས་པའི་ཚོགས་མི་ཚོའི་ཐོག་དེང་རབས་འཕྲུལ་ཆས་བེད་སྤྱོད་བྱེད་པའི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་ཚོགས་པའི་ཚོགས་མི་ཚོར་ཡིད་ཆེས་རྩ་བ་ནས་མེད་པའི་མཚོན་རྟགས་ཤིག་ཡིན་པ་བཀོད་འདུག
ད་དུང་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་གྱིས་ཁམས་དཀར་མཛེས་ཁུལ་དུ་སྐད་ཆ་དྲང་པོ་ཤོད་ཀྱི་ཡོད་མིན་ཤེས་རྟོག་ཐུབ་པའི་དེང་རབས་འཕྲུལ་ཆས་བེད་སྤྱད་ནས་གུང་ཁྲན་ཚོགས་པའི་ཚོགས་མི་ཚོས་གུང་ཁྲན་ཚོགས་པར་དངོས་གནས་ཞེན་ཁོག་ཡོད་མེད་ལྟ་གིན་ཡོད་པའི་སྐོར་གྱི་གནས་ཚུལ་ལུང་འདྲེན་བྱས་ཡོད་པའི་ཁར། རྒྱ་ནག་གཞུང་འབྲེལ་གོ་ལའི་ཚགས་ཤོག་གིས་ཕྱི་ཟླ་ལྔ་པའི་ཚེས་༡ཉིན་གནས་ཚུལ་སྤེལ་ཡོད་པའི་ནང་། བོད་ནང་གི་གུང་ཁྲན་ཚོགས་པའི་ཚོགས་མི་ཁག་ཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་འབྱོར་གྱི་ཞལ་འདེབས་འབུལ་གྱི་ཡོད་པའི་བྱ་སྤྱོད་རིགས་ནི་རྒྱ་ནག་གཞུང་གིས་ཁ་བྲལ་ལ་ཁ་གཏད་ཀྱི་ལས་དོན་དང་རྒྱབ་འགལ་ཆགས་ཀྱི་ཡོད་ལུགས་སོགས་ལུང་འདྲེན་བྱས་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་བྱ་སྤྱོད་ཐོག་སྟངས་འཛིན་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། བསམ་བློའི་ཐོག་ནས་ཀྱང་དམ་དྲག་བྱས་ཏེ་བོད་ནང་གི་བོད་མི་དང་། ལྷག་པར་དུ་གུང་ཁྲན་ཚོགས་པའི་ཚོགས་མི་ལས་བྱེད་ཚོས་གུང་ཁྲན་ཚོགས་པར་མཐའ་གཅིག་ཏུ་ཡིད་ཆེས་དང་ཞེན་ཁོག་བྱ་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་སོགས་བཀོད་འདུག

གསར་འགོད་པ་འཆི་མེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།