རྒྱ་གཞུང་གིས་བདེ་མོ་གདོང་བཙུན་དགོན་དུ་དམ་བསྒྲཌ།

2013-02-25
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།བོད་ཤར་ཕྱོཌ་ཁམས་ཚ་བ་མཛོད་དགེ་རྫོང་བདེ་མོ་གདོང་བཙུན་དགོན་ནང་རྒྱ་ནག་གཞུང་གིས་འདི་ལོའི་བོད་ཀྱི་ལོ་གསར་གོང་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་སྤེལ་བའི་རྐྱེན་གྱིས་བཙུན་དགོན་དེའི་བཙུན་མ་བཞི་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌།  བཙུན་མ་གཞན་རྣམས་གྲོང་ཁྱེར་དང་རྫོང་སོ་སོའི་ཁྱིམ་དུ་འགྲོ་མི་ཆོག་པ་དང་ཁོང་རྣམ་པའི་ནང་མི་ཚོ་ཡང་བཙུན་དགོན་དུ་ཡོང་མི་ཆོག་པའི་དམ་བསྒྲཌ་བཀག་འགོག་བྱས་ཡོད་པ་རེད། དེའི་ཁུལ་གྱི་དགོན་པ་ཡོངས་རྫོཌ་རྒྱ་ནག་གཞུང་གིས་དམ་བསྒྲཌ་ཆེན་པོའི་འོག་གནས་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་སྤྱིར་ཁུལ་དེའི་དགོན་སྡེ་ཁག་དང་ས་གནས་བོད་མིའི་ཐོག་ལ་ཡང་དམ་བསྒྲཌ་ཤུཌ་ཆེ་བྱེད་བཞིན་ཡོད་པ་རེད།  དཔེར་ན་ས་ཁུལ་དེའི་བོད་མི་སུ་ཞིག་ཡིན་རུང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཆབ་མདོ་སོཌ་ས་གནས་གཞན་དུ་འགྲོ་དགོས་ཚེ་སོ་སོའི་ངོ་སྤྲོད་ལག་འཁྱེར་དང་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་པ་དང་། ད་དུང་ཤང་དང་རྫོང་རིམ་པ་བརྒྱུད་དེ་རྒྱ་མིའི་ལས་ཁུངས་ཁག་བདུན་ནས་ཆོག་མཆན་ས་ཡིག་ལེན་དགོས་པ་དང་ཆོག་མཆན་གྱི་ས་ཡིག་མ་ཐོབ་ཚེ་ས་གནས་གཞན་དུ་རྩ་བ་ནས་གཏོང་གི་མེད་པ་རེད། ཁམས་ཚ་བ་མཛོད་དགེ་རྫོང་ཁུལ་གྱི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་ལན་མང་གནང་མྱོང་ཡོད་ཅིང་། ཕྱི་ལོ་༢༠༠༩་ལོར་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ་སྤུན་ཟླ་གྲོང་ཚོ་ནས་ཡིན་པའི་བོད་པའི་ན་གཞོན་གསུམ་གྱིས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་རང་བཙན་ཡིན་ཞེས་སྐད་འབོད་གནང་སྟེ་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་དམ་བསྒྲཌ་ཆེན་པོ་བྱ་ཡུལ་བདེ་མོ་གདོང་བཙུན་དགོན་དེ་ནི་རྙིང་མའི་དགོན་པ་ཞིག་ཡིན་པ་དང་དེའི་ནང་བཙུན་མ་ཞལ་གྲངས་བཞི་བཅུ་ཞེ་གྲངས་ཡོད་འདུག  ས་གནས་བོད་མི་རྣམས་ཀྱིས་གར་སོང་ཆ་མེད་དུ་འགྱུར་བའི་བཙུན་མ་བཞི་པོ་དེ་རྣམས་གསེར་རྟ་ཁུལ་དུ་ཕེབས་པའི་ཚོད་དཔག་གནང་གི་ཡོད་པའི་གནས་ཚུལ་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།