རྒྱ་གཞུང་གིས་བོད་ནང་སྔར་ལས་དམ་དྲག་ཆེ་རུ་གཏོང་བ།

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་བོད་ནང་སྔར་ལས་དམ་དྲག་ཆེ་རུ་བཏང་བ་བརྗོད་འདུག
2012-11-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཧྥ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱེད་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་ནང་སྔར་ལས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་བརྗོད་འདུག
ཉེ་ཆར་རྒྱ་ནག་གི་ཚོགས་ཆེན་༡༨་པ་ཚོགས་པའི་སྐབས་དང་བསྟུན། བོད་ནང་ནས་ཉིན་རིང་བོད་མི་དྲུག་གིས་རང་ལུས་མེ་སྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང༌། སློབ་མ་སྟོང་ཕྲག་མང་པོས་ཞི་བའི་ངོ་རྒོལ་རྔམ་སྟོན་བྱས་ཡོད་ཀྱང༌། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བརྒྱུད་ལམ་ཁག་ལ་བཀག་འགོག་བྱས་སྟབས། དེ་རིང་གནས་ཚུལ་གསར་པ་ག་རེ་བྱུང་མིན་གསལ་པོ་ཤེས་རྟོག་ཐུབ་ཀྱི་མེད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལྟ་བར་ཁྱོན་བོད་མི་༦༠་བརྒལ་བས་རང་ལུས་མེར་སྲེག་བཏང་ཡོད་ཀྱང་། རྒྱ་ནག་དབང་འཛིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནས་ཚུལ་དེ་དག་རྒྱུན་དུ་འགེབ་ཐབས་བྱེད་ཀྱིན་ཡོད་པ་དང༌། ཀན་སུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྱིམ་གྱི་གཏན་འཇོག་ཁ་པར་ལས་གཞན་ལག་ཐོག་ཁ་པར་དང་དྲ་རྒྱ་སོགས་ཀྱི་སེམ་ཀ་ཊི་(sim card) ཚང་མ་སྒོ་བརྒྱབ་ཡོད་པའི་གནས་ཚུལ་སྤེལ་འདུག
ད་དུང་ ཕྱི་ལོ་༢༠༡༡ དང་༢༠༡༢ ནང་གི་དྲ་རྒྱའི་དགྲ་བོའི་མིང་གཞུང་དུའང་ཚུད་ཡོད་ལུགས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསལ་བསྒྲགས་ནང་འཁོད་འདུག།