རྒྱ་ནག་གཞུང་གིས་དྲ་རྒྱ་དམ་དྲག་གི་སྒྲིག་གཞི་ལག་བསྟར་བྱས་འདུག

2017-05-30
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རྒྱ་ནག་གི་དྲ་ཁང་ཞིག་གི་ནང།
རྒྱ་ནག་གི་དྲ་ཁང་ཞིག་གི་ནང།
དྲ་བཤུས། ITS

རྒྱ་ནག་གཞུང་གིས་དེ་རིང་ནས་གནས་འཕྲིན་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པ་ཞིག་ལག་བསྟར་འགོ་འཛུགས་བྱས་འདུག
རྒྱ་ནག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་གནས་འཕྲིན་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་ཐོག་དམ་དྲག་དང་སྟངས་འཛིན་ཆེ་ཤོས་བྱེད་མཁན་རྒྱལ་ཁབ་ཞིག་ཡིན་མུས་ལྟར། སྔ་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཟེར་བས་དྲ་རྒྱ་བེད་སྤྱོད་གཏོང་ཕྱོགས་ཐད་དམ་དྲག་ད་དུང་ཆེ་རུ་གཏོང་རྒྱུའི་སྒྲིག་གཞི་ཞིག་གཏན་འབེབས་ཀྱིས་རིམ་པས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དེར་ད་བར་གསར་འགྱུར་དང༌། ཚོང་ལས། སྤྱི་ཚོགས་ཞབས་ཞུའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ངོ་རྒོལ་སྐྱོན་བརྗོད་ཀྱི་བསམ་ཚུལ་སྟོན་མིན་ལ་མ་བལྟོས་བར་ཁྲིམས་ལུགས་གསར་པ་དེ་འདི་ཚེས་༣༠་ཉིན་ནས་ལག་བསྟར་འགོ་འཛུགས་བྱ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་པ་གཏན་འབེབས་བྱེད་དགོས་པའི་རྒྱུ་མཚན་ནི། ཕྱི་ཕྱོགས་ནས་རྒྱ་ནག་གི་དྲ་ལམ་ཐོག་གསང་འཛུལ་མི་ཐུབ་པ་བཟོ་རྒྱུར་དམིགས་པ་ཡིན་སྐོར་ཤོད་ཀྱི་ཡོད་ཀྱང༌། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང༌། གནད་དོན་ཉམས་ཞིབ་པ་ཚོས། སྒྲིག་གཞི་གསར་པ་དེ་ནི་རྒྱ་ནག་ནང་གསར་འགོད་དང་སྨྲ་བརྗོད་ཀྱི་རང་དབང་ཐོག་དམ་དྲག་ད་དུང་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་ནི། སྒྲིག་གཞི་གསར་པ་དེའི་ནང་། དྲ་ལམ་ཐོག་གཞུང་གི་ཆོག་མཆན་མེད་པའི་གནས་ཚུལ་གང་བྱུང་སྤེལ་མི་ཆོག་པ་དང༌། ལྷག་པར་དུ་རྒྱལ་ཁབ་ཀྱི་ཆེ་མཐོང་དང༌། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་གཞི། རྒྱ་ནག་དམར་པོའི་གཞུང་མགོ་རྟིང་སློག་རྒྱུའི་དམིགས་ཡུལ་འཛིན་པའི་གནས་ཚུལ་རིགས་རྩ་བ་ནས་སྤེལ་མི་ཆོག་པ་བཟོས་ཡོད་པའི་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་ངག་ཆོས།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།