ངོ་རྒོལ་རྗེས་དམག་མི་ཟུར་བ་ཚོར་བལྟ་སྐྱོང་གནང་རྒྱུའི་ཁས་ལེན།


2016.10.13
རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་དམག་མི་ཟུར་པ་ཚོས་ངོ་རྒོལ་བྱས་སྐབས། ༢༠༡༦།༡༠།༡༡ རྒྱ་ནག་གི་བདེ་སྲུང་ལྷན་ཁང་གི་སྒོ་འགྲམ་དུ་དམག་མི་ཟུར་པ་ཚོས་ངོ་རྒོལ་བྱས་སྐབས། ༢༠༡༦།༡༠།༡༡
Photo: RFA

རྒྱ་ནག་ནང་དམག་མི་ཟུར་པ་ཚོས་ངོ་རྒོལ་བྱས་རྗེས་གཞུང་གིས་ཁོང་ཚོར་བལྟ་སྐྱོང་ལེགས་སུ་གཏོང་རྒྱུའི་ཁས་ལེན་བྱས་འདུག།
དེ་ཡང་གཟའ་འཁོར་འདིིའི་ནང་རྒྱ་ནག་གི་དམག་མི་ཟུར་པ་སྟོང་ཕྲག་མང་པོ་རྒྱལ་ས་པེ་ཅིང་གི་དམག་མིའི་ལས་ཁུངས་ཁག་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་རྗེས། འདི་ཚེས་༡༣་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་བདེ་སྲུང་བློན་ཆེན་གྱིས་ཁོ་ཚོར་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ལུགས་AFP་གསར་ཁང་ལ་མྱུར་འཕྲིན་བརྒྱུད་ནས་གནས་ཚུལ་བརྗོད་འདུག།
ད་དུང་མྱུར་འཕྲིན་དེའི་ནང་དུའང་རྒྱ་ནག་བདེ་སྲུང་བློན་ཆེན་གྱིས་རྒན་ཡོལ་དུ་ཕྱིན་པའི་དམག་མི་ཚོས་དམག་སྤྱི་ལྷན་ཁང་གི་ལས་ཁུངས་མདུན་འདུ་འཛོམས་བྱས་ནས་གཙོ་བོ་ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་སྟངས་ཀྱི་དཀའ་ངལ་སྐོར་ལ་ཞུ་འབོད་བྱེད་བཞིན་ཡོད་པ་རེད་ཅེས་ར་སྤྲོད་བྱས་འདུག།
སྤྱིར་བཏང་རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༨༠་ལོ་ནས་བཟུང་ཁྱོན་བསྡོམས་དམག་མི་ས་ཡ་གཅིག་ལྷག་དམག་ཞབས་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། སྔ་ལོ་རྒྱ་ནག་གཞུང་གིས་རྒྱ་ནག་གི་དམག་དཔུང་ས་ཡ་གཉིས་ཙམ་ཡོད་ཁོངས་ནས་དམག་མི་འབུམ་གསུམ་ཙམ་ཉུང་ཁྲི་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་དམག་མི་ཟུར་པ་སྟོང་ཕྲག་མང་པོ་ཁྲོམ་ལམ་དུ་ཐོན་ཏེ་རྒྱ་གཞུང་གིས་ཁོ་ཚོར་མཐུན་རྐྱེན་སྦྱར་སྤྲོད་བྱེད་ཀྱི་མེད་སྐོར་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། ཕྱི་ཚེས་༡༢་ཀྱི་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་དམག་མི་ཁྲི་གཅིག་བརྒལ་ཡོད་པ་མ་ཟད། ངོ་རྒོལ་འདུ་འཛོམས་དེ་ཡང་རྒྱ་ནག་དབུས་དམག་སྤྱི་ལྷན་ཁང་གི་མདུན་བྱས་པ་དེ་ནི་ཧ་ཅང་དཀོན་པོ་ཡིན་པ་AFPགསར་ཁང་གིས་བརྗོད་འདུག།   
སྤྱིར་རྒྱ་ནག་ནང་གྲངས་ཉུང་མི་རིགས་ས་ཁུལ་མིན་པའི་ནང་མི་དམངས་ཀྱི་ངོ་རྒོལ་བྱེད་ཤུགས་རྒྱ་ཆེ་རུ་འགྲོ་དུས་རྒྱ་གཞུང་གིས་རྒྱུན་ལྡན་གྱིས་དཀའ་རྙོག་སེལ་ཐབས་ཀྱི་ཁས་ལེན་བྱེད་བཞིན་ཡོད་ཡོད་ནའང་གྲངས་ཉུང་མི་རིགས་ས་ཁུལ་སྤྱི་དང་། ཁྱད་པར་དུ་བོད་ནང་བོད་མི་བརྒྱ་ཕྲག་བརྒལ་བས་རང་ལུས་མེར་བསྲེགས་ཀྱིས་སྐད་ཡིག་དང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་དང་། བོད་མི་བརྒྱ་ཕྲག་མང་པོས་སྔ་རྗེས་ཁྲོམ་གཞུང་དུ་ཐོན་ཏེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་རེ་འདུན་བཏོན་པ་ཡོངས་རྫོགས་ཆབ་སྲིད་ཀྱི་གནད་དོན་ལ་རྩིས་ནས་རྒྱ་གཞུང་གིས་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཚབ་ཏུ་བོད་མི་མང་པོར་བཙོན་འཇུག་དང་རྡུང་རྡེག། ཁྱད་གསོད་དང་སྣང་ཆུང་གཏོང་བཞིན་ཡོད་པར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ངོས་འཛིན་གནང་བཞིན་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎