པོའོ་ཞི་ལའེ་ལ་ཚེ་བཙོན་ཁྲིམས་ཐག


2013.09.23
པོའོ་ཞི་ལའེ་ལ་ཚེ་བཙོན་ཁྲིམས་ཐག པའོ་ཞི་ལའེ།
པོའོ་ཞི་ལའེ་ ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བའི་གནས་ཚུལ།

༄༅༎ལས་གནས་ནས་ཕྱིར་འབུད་བྱས་པའི་རྒྱ་ནག་གི་ཆབ་སྲིད་མི་སྣ་རྒན་གྲས་པོའོ་ཞི་ལའེ་ ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དེ་ནི། རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་ཕིང་ གིས་ཚོགས་པའི་ནང་བསམ་ཚུལ་རྒྱབ་འགལ་བརྗོད་མཁན་ལ་ཆག་ཡངས་མ་བཏང་བར་དམར་ཤོག་ཚོགས་པའི་ཐོག་ཁོང་གི་དབང་ཚད་ཆེ་རུ་གཏང་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།
ཁེ་ས་རྒྱ་ནག་ཅི་ནན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ པོའོ་ཞི་ལའེ་ ལ་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་ལེན་པ། དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ནག་ཉེས་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། མི་ཚེ་གང་ཚང་ཆབ་སྲིད་ཐོབ་ཐང་འཕྲོག་པ་དང་། སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏང་རྒྱུ་ཡིན་པ་རེད།
པོའོ་ཞི་ལའེ་ལ་བསྐྱར་དུ་ཁྲིམས་གཏུགས་བྱེད་པའི་ཐོབ་ཐང་ཡོད་པ་དང་། ཅི་ནན་འབྲིང་རིམ་མི་མང་ཁྲིམས་ཁང་གིས་མཐའ་མཇུག་གི་ཁྲིམས་བཅད་སྐབས། “གལ་སྲིད་ཐེངས་འདིའི་ཁྲིམས་ཐག་ལ་ངོས་ལེན་མེད་ན། ཁྲིམས་ཐག་བཅད་པའི་ཉིན་གཉིས་པ་ནས་བཟུང་ཉིན་གྲངས་བཅུའི་ནང་ཚུད་ཁྲིམས་ཁང་དེའམ། ཡང་ན་ཐད་ཀར་ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་གང་རུང་དུ་ཁྲིམས་གཏུགསབྱེད་ཆོག་”ཅེས་བརྗོད་ཡོད་པ་རེད། ཁྲིམས་ཁང་གི་ཁྲིམས་གཅོད་བྱེད་སྟངས་ལ་བལྟས་པ་ཡིན་ན་ བོ་ཤི་ལཡི་ལ་སྐབས་དེར་ཁྲིམས་རར་ཁྲིམས་གཏུག་གི་གོ་སྐབས་སྤྲད་མེད་པ་གསལ་པོ་ཡིན་པ་མ་ཟད། ཁྲིམས་ར་ནས་ཕྱིར་ཐོན་པའི་སྐབས་ལག་ལྕགས་བརྒྱབ་སྟེ་ཁྲིད་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་དང་འབྲེལ་བ་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་ན། པའོ་ཞི་ལའེ་ལ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དེ་ནི།  མི་གཅིག་བསད་ནས་མི་བརྒྱ་ལ་ཉེན་བརྡ་གཏང་རྒྱུའི་ཐབས་ལམ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎