རྒྱ་ནག་ནས་གནས་འཕྲིན་དྲ་རྒྱའི་ནང་གསང་འཛུལ་བྱེད་པ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང༌། རྒྱ་གར། ཉི་ཧོང་བཅས་པའི་གནས་འཕྲིན་དྲ་རྒྱའི་ནང་གསང་འཛུལ་གྱིས་གཏོར་བཤིག་གཏོང་བ།
2012-03-31
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་དང༌། རྒྱ་གར། དེ་བཞིན་ཉི་ཧོང་བཅས་པའི་གནས་འཕྲིན་དྲ་རྒྱའི་ནང་གསང་འཛུལ་གྱིས་གཏོར་བཤིག་གཏོང་མཁན་དེ། རྒྱ་ནག་གྲོང་ཁྱེར་ཁྲིན་ཏུའི་ནང་རྟེན་གཞི་བྱས་པའི་ཟི་ཁྲོན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཟུར་པ་གུ་ཀའེ་ཡོན་ཟེར་བའི་མི་ཞིག་ཡིན་པ་ཤེས་རྟོགས་བྱུང་འདུག 
དེ་ཡང་ཉི་ཧོང་ནང་ཡོད་པའི་ ཀམ་པུའུ་ཀྲར་སྲུང་སྐྱོབ་ཀྱི་འཕྲུལ་རིག་ཁེ་ལས་ཁང་ Trend Micro ཟེར་བའི་ནང༌། འཕྲུལ་རིགས་སྒྱུ་རྩལ་གྱི་འགན་འཛིན་གནང་མཁན་སྦ་སྦུ་རའཇ་ལྦར་མ་ཡིས་འདི་ཚེས་ ༣༠ ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ནང༌། གུ་ཀའེ་ཡོན་ཟེར་བའི་མི་དེ་ཡིས་ད་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང༌། ཉི་ཧོང་གི་ཁེ་གཉེར་ལས་ཁང་། དེ་བཞིན་རྒྱ་གར་གྱི་དྲག་པོའི་རྟེན་གཞི་ཁག་གི་ཀམ་པུའུ་ཀར་ཉི་བརྒྱ་སུམ་བཅུ་སོ་གསུམ་ཙམ་ནང་གསང་འཛུལ་གྱིས་གཏོར་སྐྱོན་བཏང་ཡོད་པ་དང༌། ཁོ་པ་ད་ལྟའི་ཆར་རྒྱ་ནག་གི་ཀམ་པུའུ་ཀྲར་ཁེ་ལས་ཁང་ཀེན་སེན་(Tencent)ཟེར་བའི་ནང་ལས་ཀ་བྱེད་ཀྱི་ཡོད་པ་དང༌། མི་དེ་ཡིས་བོད་པའི་སྒྲིག་འཛུགས་ཁག་གི་ཀམ་པུའུ་ཀྲར་ལ་གནོད་སྐྱོན་གཏོང་སྟངས་ལ་བལྟས་པ་ཡིན་ན། ཁོ་པའི་ལས་དོན་གྱི་རྒྱབ་ལ་རྒྱ་ནག་གཞུང་གི་ཐེ་བྱུས་ཡོད་པ་དངོས་གསལ་དོད་པོ་ཆགས་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།