ཨ་རིའི་རྡུལ་ཕྲན་དཔྱད་ཞིབ་གནམ་གྲུ་ཞིག་བཀག་འགོག་འདུག


2017.05.19
ཤར་རྒྱ་ནག་རྒྱ་མཚོ་དང་དཔེ་སྟོན་པར་རིས། ཤར་རྒྱ་ནག་རྒྱ་མཚོ་དང་དཔེ་སྟོན་པར་རིས།
དྲ་བཤུས།/youtube

སྤྱི་ཚེས ༡༧ ཉིན། རྒྱ་ནག་གི་སུའུ-༣༠ འཐབ་འཛིང་གནམ་གྲུ་གཉིས་ཀྱིས་ཤར་རྒྱ་ནག་རྒྱ་མཚོའི་བར་སྣང་ནས་ཨ་རིའི་རྡུལ་ཕྲན་དཔྱད་ཞིབ་གནམ་གྲུ་ཞིག་བཀག་འགོག་བྱས་ལུགས་ཨ་རིའི་དམག་ཕྱོགས་ནས་ཕྱིར་བསྒྲགས་བྱས་འདུག
དེ་ཡང་ཨ་རིའིWC-135རྟགས་ཅན་གྱི་རྡུལ་ཕྲན་ཞིབ་དཔྱད་གནམ་གྲུའི་ལས་འགན་ནི་ཤར་རྒྱ་མཚོའི་བར་སྣང་དུ་འཕུར་སྐྱོད་བརྒྱུད་ནས་རྡུལ་ཕྲན་འགྱེད་འཕྲོ་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་ཡིན་ཞིང་། གནམ་གྲུ་དེས་དེ་སྔ་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱས་ཡོད་མེད་ལྟ་ཞིབ་ཚད་ལེན་ཡང་བྱས་མྱོང་པ་རེད།
ཨ་རིའི་ཞི་བདེ་རྒྱ་མཚོའི་མཁའ་དམག་གི་མགྲིན་ཚབ་པ་ལྕམ་ཧོད་རྗི་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ང་ཚོས་ད་དུང་ཡང་དོན་རྐྱེན་དེ་ཞིབ་དཔྱོད་བྱེད་མུས་སུ་ཡིན་ན་ཡང་། ཨ་རིའི་སྙན་ཞུ་ལས་ཤེས་གསལ་ལྟར་ན། རྒྱ་ནག་གི་འཐབ་འཛིན་གནམ་གྲུའི་བཀག་འགོག་གི་བྱ་སྤྱོད་དེ་ཆེད་ལས་པའི་སྤྱོད་ཚུལ་ཞིག་མིན་པ་དང་། གནད་དོན་དེ་འོས་འཚམས་ཀྱི་ཕྱི་འབྲེལ་དང་དམག་དོན་འབྲེལ་ལམ་བརྒྱུད་ཐག་གཅོད་བྱེད་ཐབས་ལ་འབད་ཀྱིན་ཡོད་ཅེས་དང་། ཡང་ཁོང་མོས། ཨ་རིའིWC-135རྟགས་ཅན་རྡུལ་ཕྲན་ཞིབ་དཔྱད་གནམ་གྲུས་སྐབས་དེར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འཆར་ཅན་ལས་འགན་སྒྲུབ་ཀྱིན་པ་བརྗོད་འདུག
ཨ་རིའི་དཔོན་རིགས་ཤིག་གིས་གསར་འགྱུར་སྨྱན་བྱད་ཁག་ལ་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་གཉིས་ཨ་རིའི་རྡུལ་ཕྲན་ཞིབ་དཔྱད་གནམ་གྲུ་དང་བར་ཐག་གོམ་པ ༥༠འི་མཚམས་སུ་འཕུར་ཡོད་པ་མ་ཟད། ད་དུང་གནམ་གྲུ་ཞིག་གིས་འཕག་རྟིང་སློག་ནས་འཕུར་རྩལ་ངོམ་ཚུལ་འགྲེལ་བརྗོད་གནང་འདུག
རེས་གཟའ་ལྷག་པའི་ཉིན་བྱུང་བའི་དོན་རྐྱེན་དེ་ནི་ད་ལོའི་ཟླ ༢ར་རྒྱ་ནག་གི་གནམ་གྲུ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བར་སྣང་དུ་ཨ་རིའི་གནམ་གྲུ་ཞིག་བཀག་འགོག་བྱས་རྗེས་སུ་བྱུང་བའི་བཀག་འགོག་དོན་རྐྱེན་ཐེངས་གཉིས་པ་དེ་ཡིན།
དེ་སྔ ༢༠༠༡ལོར་རྒྱ་ནག་གི་འཐབ་འཛིན་གནམ་གྲུ་ཞིག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བར་སྣང་དུ་ཨ་རིའི་བརྟག་དཔྱད་གནམ་གྲུ་ཞིག་བཀག་འགོག་སྐབས་རྡུང་ཁ་ཤོར་ནས་རྒྱ་ནག་གི་གནམ་གྲུ་སར་ཟགས་པ་མ་ཟད་གནམ་གྲུའི་ཁ་ལོ་བ་ཤི་བ་རེད། ཨ་རིའི་གནམ་གྲུ་ཡང་ཧེ་ནན་གླིང་ཕྲན་སྟེང་འབབ་དགོས་ཐུག་ནས། སྐབས་དེར་ཕྱི་འབྲེལ་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར་བ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎