རྒྱ་རིགས་ཤེས་ཡོན་ཅན་གྱི་སེམས་ཁུར་དང་རེ་འབོད།

རྒྱ་རིགས་རྩོམ་པ་པོ་དང་ཤེས་ཡོན་ཅན་ཁག་གཅིག་གིས་བོད་ནང་བོད་མིས་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད་དོ་སྣང་དང་མཉམ་སེམས་ཁུར་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་འདུག
2012-09-04
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར། ཟླ་ ༨ ཚེས་ ༣༡ ཉིན་ ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་བོད་རྒྱ་མཉམ་འཛོམས་ཀྱི་འདུ་འཛོམས་ཤིག་ཚོགས་ཡོད་པ་དང་། འདུ་འཛོམས་ལ་ཕེབས་པའི་རྒྱ་རིགས་རྩོམ་པ་པོ་དང༌། ཤེས་ཡོན་ཅན།སློབ་ཕྲུག མཁས་དབང་ཚོས་ཀྱང་རང་རང་སོ་སོའི་བསམ་ཚུལ་གསལ་སྟོན་གནང་ཞིང༌། པེ་ཅིང་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིང་གིས། བོད་མིས་རང་ལུས་མེར་སྲེག་བཏང་བ་དེ་ནི་རྒྱ་ནག་གུང་ཁྲན་གཞུང་གིས་བོད་ནང་གནོན་བཙིར་གྱི་སྲིད་བྱུས་ལག་བསྟར་བྱས་པ་ལས་བྱུང་ཞིང༌། བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན། སྔོན་ལ་ངེས་པར་དུ་རྒྱ་ནག་གི་གནད་དོན་ཐག་གཅོད་བྱེད་དགོས་ཀྱི་རེད་ཅེས་གསུངས་པ་དང༌།  ནིའུ་ཡོཀ་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཤཱ་མིང་གིས། རྒྱ་རིགས་ཚོས་བོད་རིགས་ལ་འཕྲད་བཞིན་པའི་དཀའ་སྡུག་དེ་དག་ཚོར་དགོས་ཞེས་དང༌།  ཡང་དེ་སྔ་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཀྲང་སྦོ་ཧྲུའུ་ཡིས། བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་ཐུབ་མིན་དང༌། རྒྱ་ནག་མང་གཙོར་འགྱུར་ཐུབ་མིན་ནི་རྒྱ་བོད་མི་རིགས་གཉིས་ཀས་ཐུན་མོང་ཐོག་འབད་བརྩོན་བྱེད་ཐུབ་མིན་ལ་རག་ལུས་ཡོད་ཅེས་གསུངས་འདུག། གནད་དོན་དབྱེ་ཞིབ་པ་གྲན་ཕོ་ཁུང་གིས། བོད་མིས་རང་ལུས་མེར་སྲེག་བཏང་བ་ནི་རྒྱ་ནག་གུང་ཁྲན་གཞུང་གི་གདུག་རྩུབ་ལ་མི་བཟོད་རྐྱེན་ལས་བྱུང་བ་ཞིག་རེད་ཅེས་དང༌། ཡང་ཁོང་གིས། བོད་པས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མཐོང་ཐོས་སྐབས་བློ་ཕམ་ཆེན་པོ་ཡོང་གི་འདུག་པས། རྒྱ་རིགས་ཚོས་རང་ནུས་གང་ལྕོག་གིས་རྩོམ་ཡིག་འབྲི་བ་དང༌། དེང་དུས་སྤྱི་ཚོགས་དྲྭ་རྒྱའི་ཐོག་གནས་ཚུལ་ངོ་སྤྲོད་བྱེད་པའི་ལམ་ནས་བོད་མིའི་བདེ་སྡུག་གི་ ཆེད་དུ་རྒྱབ་སྐྱོར་གྱི་སྐད་སྒྲ་ཐོན་པ་བྱེད་དགོས་པའི་འབོད་སྐུལ་གནང་འདུག།

འདུ་འཛོམས་དེའི་ནང་རྒྱ་རིགས་རྩོམ་པ་པོ་དང་། ཤེས་ཡོན་ཅན་པ་དེ་བཞིན་སློབ་ཕྲུག་ཁག་ཅིག་དང༌།  བོད་མིའི་ངོས་ནས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་དང༌། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། གཞན་ཡང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགོ་གཙོ་སོགས་མི་སྣ་དྲུག་བཅུ་ཙམ་ཡོད་འདུག།  སྐབས་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་རྒྱ་རིགས་གྲོགས་པོ་ཚོས་བོད་མིས་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་ལ་སྔར་བཞིན་ཐུགས་སྣང་ཡོང་བའི་འབོད་སྐུལ་གནང་བ་མ་ཟད། ཁོང་རྣམ་པའི་ཐུགས་སྣང་བརྒྱུད་རྒྱ་རིགས་སྔར་ལས་མང་བས་བོད་ཀྱི་དངོས་ཡོད་གནས་ཚུལ་མཁྱེན་པའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།