བྱིས་བ་ནག་ཚོང་བྱེད་མཁན་གཏེ་དཔོན་གཉིས་བཟུང་འདུག


2014.10.20
བུ་མོ་དང་བྱིས་བ་ནག་ཚོང་ལ་ངོ་རྒོལ་བྱེད་བཞིན་པའི་པར་རྙིང་། བུ་མོ་དང་བྱིས་བ་ནག་ཚོང་ལ་ངོ་རྒོལ་བྱེད་བཞིན་པའི་པར་རྙིང་།
པར་ཚགས

ད་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ཚོགས་པའི་རོགས་རམ་འོག་བྱིས་པ་ནག་ཚོང་རྒྱག་མཁན་གཙོ་གྲས་གཉིས་འཇུ་བཟུང་བྱས་འདུག
དེ་ཡང་དེ་རིང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་The Hindustan Times ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། Jharkhandམངའ་སྡེའི་ཉེན་རྟོགས་མི་སྣ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་Shakti Vahiniཞེས་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་Kailash Satyarthiལགས་ཀྱི་གསར་འཛུགས་གནང་བའི་Bachpan Bachao Andolanའམ་ལོ་ཆུང་བྱིས་པ་སྲུང་སྐྱོབ་བྱེད་དགོས་པའི་ལས་འགུལ་ཞེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་མཉམ་རུབ་སྒོ་ནས་ལོ་ཆུང་བྱིས་པ་ནག་ཚོང་རྒྱག་མཁན་རང་ལོ་༣༡་ཡིན་པ་Panna Lal Mahto དང་། ཁོང་གི་བཟའ་ཟླ་རང་ལོ་༣༧་ཡིན་པ་Sunita Deviཟེར་བ་གཉིས་རེས་གཟའ་ཉི་མའི་ཉིན་འཛིན་བཟུང་བྱས་ཡོད་པ་དང་། དཔྱད་ཞིབ་བྱས་བ་ལྟར་ན། ཁོང་གཉིས་ཀྱིས་ད་བར་བོུ་ཆིག་ཁྲི་ལྷག་ནག་ཚོང་རྒྱབ་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག Jharkhand མངའ་སྡེའི་ཉེན་རྟོག་པའི་དཔོན་རིགས་མཐོ་གྲས་RS Yadavལགས་ཀྱིས་གསུངས་གསལ་ལྟར་ན་གོང་ཞུས་མི་ངན་དེ་གཉིས་ཀྱིས་མངའ་སྡེ་དེ་ནས་ཕྲུ་གུ་ནག་ཚོང་རྒྱབ་སྟེ་རྒྱལ་ས་ལྡི་ལི་སོགས་གྲོང་ཁྱེར་ཆེ་ཁག་ཁག་ནང་ནང་ལས་སོགས་བྱེད་རྒྱུར་ལས་ཀ་སྐུལ་གྱི་ཡོད་པ་དང་། ཁོང་གཉིས་བཙོན་ཁང་ལ་དངུལ་གཏའ་མར་བཞག་ནས་གློད་བཀྲོལ་གཏོང་རྒྱུ་མེད་པའི་ཁྲིམས་སའི་བཀའ་ཤོག་གནང་ཟིན་སྐོར་གསུངས་འདུག Panna Lal Mahtoཟེར་བའི་མི་དེ་ནི་ཕྱི་ལོ་༢༠༠༦་ལོར་ཕྲུ་གུ་ནག་ཚོང་རྒྱབ་པའི་ཉེས་མིང་འོག་ཟླ་བ་ལྔ་ཙམ་རིང་བཙོན་འཇུག་བྱས་པ་དང་། ཁོ་པར་རྒྱལ་ས་ལྡི་ལི་དང་། Jarkhandམངའ་སྡེའི་གྲོང་ཁྱེར་Ranchi དང་Khunti བཅས་སུ་ས་ཁང་ས་གཞིས་མང་ལ་ ཆེན་པོ་ཡོད་པ་དེ་དག་ཡོངས་རྫོགས་ཁྲིམས་འགལ་སྒོ་ནས་ཐོབ་པ་ཡིན་པའི་གནས་ཚུལ་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎