༄༅༎ཨ་མི་རི་ཀའི་སྦོལ་ཌར་ཁོ་ལི་རེ་ཌོ། (PRWEB)ཞེས་པའི་གནས་འཕྲིན་དྲྭ་རྒྱའི་ནང་སི་ཇེ་(Conscious journeys. CJ)ཞེས་རིག་འཚོར་ཅན་གྱི་འགྲུལ་བཞུད་ཅེས་པའི་ཡུལ་བསྐོར་སྤྲོ་འཆམ་པའི་ལས་དོན་སྒྲིག་འཛུགས་གཉེར་མཁན་ཞིག་གིས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་མངའ་འོག་བོད་ཁམས་ཁུལ་གྱི་ཞིང་འབྲོག་ས་ཁུལ་གྱི་ནང་དང་བླངས་ཀྱི་ཞབས་འདེགས་དང་ས་གནས་མི་མང་ལ་རོགས་མགོན་གནང་མཁན་ཚོའི་ཆེད་དུ་དམིགས་བསལ་གྱིས་མཐུན་རྐྱེན་ཞབས་ཞུ་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།
གོང་གསལ་སི་ཇེ་(CJ)རིག་འཚོར་ཅན་གྱི་འགྲུལ་བཞུད་ཅེས་པའི་ཚོགས་པ་དེའི་དྲྭ་རྒྱའི་ཐོག་ཞིབ་གནས་བོད་ཁམས་ཁུལ་གྱི་ས་གནས་ཞིང་འབྲོག་མི་མང་འཕྲོད་བསྟེན་དང་ཤེས་ཡོན་སློབ་སྦྱོང། ཁོར་ཡུག་འབྱུང་ཁམས་སྲུང་སྐྱོབ།་སྤྱི་ཚོགས་འཛུགས་བསྐྲུན་ཡར་རྒྱས་སོགས་ཀྱི་ཆེད་དུ་སྐྱེས་དངོས་དྲོད་ཁང་གསར་རྒྱག་དང་གསང་སྤྲོད། ཞིང་ལུད། གཙང་སྦྲ། སློབ་གྲྭའི་དགོས་མཁོ་དང་སྨན་བཅོས་ཀྱི་དགོས་མཁོ་འགྲེམས་རྒྱུ། སློབ་ཕྲུག་ཚོར་དབྱིན་ཡིག་དང་མཛེས་རྩལ་རི་མོ། ལག་ཤེས་བཟོ་ལས། གཞན་ཡང་ས་གནས་དེ་གའི་ལས་འཆར་ཁག་གཞོགས་འདེགས་རོགས་རམ་གནང་འདོད་ཡོད་མཁན་ཚོར་འབྲེལ་བ་གནང་རོགས་ཟེར་བའི་ཚོགས་པ་ཞིག་ཡིན་འདུག།
སི་ཇེ་(CJ)ཁོང་ཚོར་འབྲེལ་བ་གནང་སྟངས་སོགས་ཞིབ་ཕྲ་ཞིག་དྲྭ་རྒྱའི་ནང་བོད་ཁམས་ཕྱོགས་ཀྱི་མཛེས་སྔུག་ལྡན་པའི་ཡུལ་ལྗོངས་ཞིང་འབྲོག་ས་ཁུལ་གྱི་བོད་མི་འཚོ་བའི་གནས་སྟངས་སོགས་པར་མྱོང་འཚོར་དང་ལྷག་བསམ་བཟང་པོའི་སྒོ་ནས་བོད་མི་དེ་ཚོར་རོགས་མགོན་གནང་འདོད་ཡོད་མཁན་ཡིན་ན་འབྲེལ་བ་གནང་དགོས་པའི་གནས་ཚུལ་འགྲེལ་བརྗོད་བྱས་བཞག།