བོད་ནང་གཞུང་ཚབ་བཙུག་རྒྱུར་དགག་བྱ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་སྔ་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁང་བཙུག་རྒྱུའི་འདོད་ཚུལ་བཏོན་པར་ཁས་ལེན་མ་བྱས་པ་ལྟར། ད་རེས་རྒྱ་གར་གཞུང་གིས་དགོས་འདུན་དེ་ལྟར་བཏོན་ཀྱང་ཁས་ལེན་བྱས་མེད་པ་རེད།
2012-08-03
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །རྒྱ་ནག་གཞུང་ནས་རྒྱ་གར་གྱི་Chennai གྲོང་ཁྱེར་ནང་གཞུང་ཚབ་ཡན་ལག་ལས་ཁང་བཙུག་རྒྱུའི་དགོས་འདུན་བཏོན་པ་བཞིན།   རྒྱ་གར་གྱིས་དེའི་ཚབ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁང་བཙུག་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད། ཡིན་ནའི་རྒྱ་ནག་གཞུང་གིས་རྒྱ་གར་གྱིས་རྒྱ་ནག་གི་གྲོང་ཁྱེར་གྲན་ཏུ་འམ་ཁུན་མིན་གང་རུང་དུ་གཞུང་ཚབ་ཡན་ལག་ལས་ཁང་བཙུག་རྒྱུར་མོས་མཐུན་བྱས་ནས།  གྲོང་ཁྱེར་གྲན་ཏུའི་ནང་རྒྱ་གར་གྱི་ཚོང་དོན་ཆེད་གཉེར་བ་ཡང་མང་པོ་ཡོད་ལུགས་དང་།  ལྷག་པར་དུ་གྲན་ཏུ་དེ་བཞིན་ རྒྱ་ནག་གི་ནུབ་ཕྱོགས་ཁུལ་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་ཞིག་ཡིན་དུས་དེས་རྒྱ་གར་དང་རྒྱ་ནག་དབར་ཚོང་དོན་འབྲེལ་ལམ་རྒྱ་བསྐྱེད་གཏང་རྒྱུར་ཕན་ཐོགས་ཡོད་ལུགས་ཀྱི་རྒྱུ་མཚན་བཤད་ནས།  གང་ལྟར་བོད་ཀྱི་རྒྱལ་ས་ལྷ་ས་དང་། དེ་མིན་བོད་ཀྱི་ས་ཁུལ་གང་འདྲ་ཞིག་ནང་ལ་ཡང་། གཞུང་ཚབ་ཡན་ལག་ལས་ཁང་བཙུགས་བཅུག་གི་མེད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།