མི་ལོ་གཅིག་ལྷག་གི་རྗེས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་འདུག


2017.10.19
སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་བདེ་བར་གཤེགས་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ། ༢༠༡༧།༡༠།༡༩ སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་བདེ་བར་གཤེགས་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ། ༢༠༡༧།༡༠།༡༩
བློ་བྷེ།/RFA

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་བདེ་བར་གཤེགས་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་འདུག
དེ་ཡང་འདི་ཚེས་༡༩་ཉིན་གྱི་སྔ་དྲོར་དགོན་པའི་མཁན་ལས་དགེ་འདུན་རྣམ་པས་སྨོན་ལམ་གསུང་འདོན་གནང་བ་དང་། དེ་རྗེས་ཕྱག་ཚོད་༩་པའི་ཐོག་སྐུ་གདུང་རིན་པོ་ཆེ་གཟིམ་ཆུང་ནས་བདེ་ཡངས་ཐོག་གདན་འདྲེན་ཞུས་ཏེ་བླ་སྤྲུལ་རྣམ་པ་དང་། མཛད་གཙོ་རྣམ་པས་མཇལ་དར་ཕུལ་རྗེས་ཆོ་ག་དབུ་འཛུགས་གནང་ནས་༧སྐྱབས་རྗེ་དམ་པ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་དུ་ངོ་བཅར་ཞུས་འདུག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དགའ་ལྡན་ཕོ་བྲང་གི་སྐུ་ཚབ། རྙིང་མའི་ཆོས་བརྒྱུད་སྤྱི་འཐུས། རིས་མེད་དགོན་སྡེ་ཁག་གི་བླ་སྤྲུལ། དེ་བཞིན་དགོན་སྡེ་ཁག་དང་། ཚོགས་པ་ཁག་གི་སྐུ་ཚབ་སོགས་མཛད་སྒོར་བཅར་གནང་འདུག
༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་བོད་དབུས། ལྷོ་ཁ་ས་ཁུལ་ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་༡༩༢༦ ་ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་པ་དང་། དགུང་ལོ་ལྔ་ནས་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་དང། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་རྗེས་རིམ་བཞིན་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མ་ཟད། ཁྱད་པར་དུ་༢༠༡༢་ནས་བཟུང་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཁྲིད་ཀྱི་མཚན་གནས་བཞེས་གནང་ཡོད་པ་རེད། ཕྱི་ལོ་༢༠༡༥་ཟླ་ ༡༢ ་ཚེས་ ༢༣་ཉིན་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎