སྲིད་སྐྱོང་མཆོག་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ།

2017-08-18
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ཉེ་ཆར་ཡོ་རོབ་ཁུལ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཁག་ལེགས་གྲུབ་གནང་བའི་རྗེས་རིང་མིན་ཕྱི་ཚེས་ ༢༢ ནས་ཕྱི་ཟླ་ ༩ ཚེས་ ༡༡ བར་ཨ་རིར་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་གནང་གཏན་འཁེལ་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་བསྐྱོད་དེའི་རིང་ཨ་རིའི་ས་གནས་ Santa Fe དང་ Seattle, San Francisco, Denver, Washington, DC, New York བཅས་སུ་ཕེབས་རྒྱུ་ཡིན་འདུག་ཅིང་། མཛད་འཆར་གཙོ་བོ་གཅིག་ནི་བྱང་ཨ་མི་རི་ཀའི་བོད་རིགས་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་དབུ་འབྱེད་ཐོག་ཕེབས་རྒྱུ་དང་། གཞན་ཡང་ཕྱོགས་བསྐྱོད་དེའི་རིང་གཞུང་འབྲེལ་མི་སྣ་མཇལ་འཕྲད་དང་། མཐོ་རིམ་སློབ་གྲྭ་འགའ་ཤས་ཀྱི་ནང་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
ཨ་མི་རི་ཀའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་དང་ས་གནས་བོད་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།།

གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།