སྲིད་སྐྱོང་མཆོག་སྦེལ་ཇམ་དང་ནེ་དར་ལེནྜར་ཕེབས་པ།


2014.10.18
སྲིད་སྐྱོང་མཆོག་སྦེལ་ཇམ་དང་ནེ་ཐར་ལེནྜ་རུ་ཕེབས་ཏེ་དཔོན་རིགས་དང་མཇལ་འཕྲད། ཕྱི་ཚེས་༡༦ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡོ་རོབ་ཡུལ་གྲུ་སྦེལ་ཇམ་དུ་ཕེབས་འབྱོར་གནང་སྐབས་ས་གནས་བོད་མི་ཚོས་དགའ་བསུ་ཞུ་བཞིན་པ།
དབུས་བོད་མིའི་སྒྲིག་འཛུགས།


༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྦེལ་ཇམ་དང་ནེ་ཐར་ལེནཌ་རུ་ཆེད་ཕེབས་གནང་སྟེ་ཡུལ་གྲུ་དེ་གཉིས་ནང་གི་གཞུང་གི་དཔོན་རིགས་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་མཇལ་འཕྲད་གནང་འདུག། ཕྱོགས་མཚུངས་ས་གནས་དེ་གཉིས་ནང་གི་བོད་མི་ཚོ་དང་མཇལ་འཕྲད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གཟའ་ཕུར་བུའི་ཉིན་ཡོ་རོབ་ཡུལ་གྲུ་སྦེལ་ཇམ་དུ་ཕེབས་འབྱོར་བྱུང་ཞིང་། ཡུལ་དེའི་ནང་བོད་མི་ཁྱོན་སྡོམ་གསུམ་སྟོང་ཙམ་གནས་སྡོད་བྱེད་བཞིན་ཡོད་པའི་ཁོངས་ནས་མི་བཞི་བརྒྱ་ཙམ་གྱི་སྐྱབས་བཅོལ་གྱི་སྙན་ཞུ་སྦེལ་ཇམ་གཞུང་གིས་ཕྱིར་ལོག་བྱས་རྐྱེན་ཁྲིམས་ཐོག་ནས་ཡུལ་དེའི་ནང་གནས་སྡོད་མི་ཆོག་པའི་གནས་སྟངས་དཀའ་ངལ་ཅན་ཞིག་གི་ནང་ལྷུངས་ཡོད་པ་རེད།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ད་རེས་སྲིད་སྐྱོང་སྦེལ་ཇམ་དུ་ཕེབས་དོན་གཙོ་བོ་ཞིག་ནི་ཡུལ་དེའི་ནང་གི་སྐྱབས་བཅོལ་བོད་མིའི་གནས་སྟངས་ཁོང་རང་ཉིད་ནས་མཁྱེན་རྟོགས་ཆེད་ཡིན་པ་བརྗོད་འདུག། དེ་བཞིན་སྦེལ་ཇམ་གྱི་རྒྱལ་ས་ Brussels ནི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྟེན་གཞི་དེ་ཡིན་ཞིང་། སྲིད་སྐྱོང་མཆོག་གིས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐྱབས་བཅོལ་དང་ལུང་པ་མེད་པའི་མི་རིགས་ལས་དོན་ཁང་གི་སྤྱི་ཁྱབ་དང་མཇལ་འཕྲད་གནང་འདུག། ད་དུང་གནས་ཚུལ་ནང་བཀོད་གསལ་ལྟར་ན་སྲིད་སྐྱོང་མཆོག་གི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་དཔོན་རིགས་དང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་ཡང་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་པའི་གནས་ལུགས་གསལ་བརྗོད་གནང་འདུག་ཅིང་། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་ཚོར་རང་ལུས་མེར་བསྲེགས་མི་གཏོང་རྒྱུའི་འབོད་སྐུལ་ཞུ་བཞིན་པ་དང་ཆབས་གཅིག་ཁོང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པའི་དགོས་འདུན་སོགས་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་འདུག། སྦེལ་ཇམ་གྱི་རྗེས་ནེ་ཐར་ལེནཌ་རུ་ཕེབས་ཐོན་གནང་ཞིང་། སྲིད་སྐྱོང་མཆོག་ནེ་ཐར་ལེནཌ་རུ་ཕེབས་ཐེངས་དང་པོ་དེ་ཡིན་པ་དང་། ཡུལ་དེའི་རྒྱལ་ས་ Amsterdam ནང་བོད་མིའི་བདེ་དོན་གྱི་ལས་དོན་འདྲ་མིན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔ་བཅུ་ཙམ་གྱི་སྐུ་ཚབ་མི་སྣ་དང་མཇལ་འཕྲད་གནང་འདུག། སྦེལ་ཇམ་དང་ནེ་ཐར་ལེནཌ་གཉིས་ཀའི་ནང་ཕེབས་སྐབས་ས་གནས་བོད་མི་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་འདུག་ལ་བོད་མི་ཚོར་བཀའ་སློབ་དང་དྲི་བ་དྲི་ལན་ཀྱང་གནང་འདུག། དེ་རིང་ཕྱི་ཚེས་༡༨ དགོང་དྲོ་ནེ་ཐར་ལེནཌ་ནས་སེཔེན་རུ་ཕེབས་འབྱོར་གྱིས་ཡུལ་དེའི་གྲོང་ཁྱེར་སྦར་སེ་ལོ་ནའི་ནང་ཀ་ཏ་ལུ་ནི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དང་ས་གནས་གཞུང་གི་མི་སྣ་མཇལ་འཕྲད། དེ་བཞིན་གསར་འགོད་པ་སོགས་དང་མཇལ་འཕྲད་གནང་རྒྱུ་སོགས་ཀྱི་མཛད་འཆར་དུ་མ་ཞིག་ཡོད་འདུག། འདིའི་སྐོར་ཡོ་རོབ་བོད་མི་དམངས་སྤྱི་འཐུས་དང་སེ་པེན་བོད་ཁང་གི་འགན་འཛིན་སྐུ་ཞབས་དབང་ཆེན་ལགས་དང་བཀའ་མོལ་ཞུ་གི་ཡིན།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎