རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་ཆེན་ཐེངས་བདུན་པ།


2016.09.08
༧གོང་ས་མཆོག་གིས་ཡོ་རོབ་བྷར་སེལ་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་བཀའ་སློབ་གནང་སྐབས། ༢༠༡༦།༩།༨། ༧གོང་ས་མཆོག་གིས་ཡོ་རོབ་བྷར་སེལ་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་བཀའ་སློབ་གནང་སྐབས། ༢༠༡༦།༩།༨།
ཚེ་བརྟན་བསམ་གྲུབ།

༧གོང་ས་མཆོག་གིས་ཡོ་རོབ་བྷར་སེལ་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་བཀའ་སློབ་གནང་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་༩་ཚེས་༨་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་སྦེལ་ཇམ་གྱི་རྒྱལ་ས་Brussels་ནང་བསྐོང་ཚོགས་གནང་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་བདུན་པའི་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་མཛད་འདུག།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་སྐུ་ཉིད་ཀྱི་ཕུགས་དགོངས་ཆེན་པོ་གསུམ་གྱི་ཐོག་བཀའ་སློབ་སྩལ་གནང་མཛད་པ་དང་སྦྲགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་རྒྱུས་ཐོག་གི་ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་རྫོགས་མང་ཚོགས་ནས་འོས་འདེམས་ཞུས་པའི་འགོ་ཁྲིད་མི་སྣར་རྩིས་སྤྲོད་གནང་པའི་མང་གཙོའི་འཕེལ་རིམ་སྐོར་གྱི་གནས་ལུགས་ཞིབ་ཕྲ་གསལ་བཤད་གནང་འདུག། དམིགས་བསལ་བོད་དོན་རྒྱབ་སྐྱོར་བ་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཁྱད་པར་བ་ཞིག་ཡོད་པ་དེ་འཛམ་གླིང་སྤྱི་ལ་ཕན་བདེ་བསྐྲུན་པའི་ནུས་པ་ཡོད་པ་ཞིག་ལ་ངོས་འཛིན་གནང་པའི་ཐོག་ནས་བོད་མིའི་རྩ་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་པ་དང་། ད་བར་བོད་དོན་ཐད་ཤ་ཚ་སེམས་འཁུར་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས་གནང་འདུག།
ཐེངས་འདིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དེའི་སྐབས་ཡུལ་གྲུ་ཁག་༥༠་ཙམ་ནས་ཚོགས་བཅར་བ་མི་གྲངས་༢༥༠་ཙམ་བཅར་འདུག་ཅིང་། དེའི་ཁོངས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་མིག་ལོང་བ་ཅན་སྐུ་ཞབས་ཁྲིན་ཀོང་ཁྲན་སོགས་རྒྱ་རིགས་༢༩་ཙམ་ཡང་ཡོད་འདུག།
ད་དུང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆརཌ་གྷིཡེར་ཡང་ཆེད་ཕེབས་གནང་འདུག།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་བཞིན་ཡོ་རོབ་བྷར་སེལ་དུ་ཟླ་བ་འདི་ཕྱི་ཚེས་༨་ནས་༡༠་བར་གྱི་ཉིན་གྲངས་གསུམ་རིང་ཚོགས་བཞིན་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎