མིས་བཟོས་བའི་དཀའ་རྙོག་སེལ་ཐབས་མ་བྱས་ན་གནས་སྟངས་སྡུག་ཏུ་འགྲོ་ཉེན་ཡོད།


2017.09.26
༧གོང་ས་མཆོག་ལཏ་ཝི་ཡའི་གྲོང་ཁྱེར་རེ་གྷར། ༢༠༡༧།༩།༢༥ ༧གོང་ས་མཆོག་ལཏ་ཝི་ཡའི་གྲོང་ཁྱེར་རེ་གྷར། ༢༠༡༧།༩།༢༥
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་སྦལ་ཊིཀ་མཚོ་ཁུལ་རྒྱལ་ཁབ་ལཏ་ཝི་ཡའི་ནང་གི་ཉིན་མཐའ་མའི་མཛད་འཆར་དེ་ཕྱི་ཚེས་ ༢༥ ་ཉིན་བསྐྱངས་གནང་མཛད་པ་དང་། དེའི་སྔ་དྲོར། ཡུལ་དེའི་(One to One)་ཞེས་པའི་བརྙན་འཕྲིན་ལས་རིམ་གི་གསར་འགོད་པ་(Gundars Reders)་ཡི་བཀའ་འདྲིར་དང་ལེན་གནང་རྗེས་གསུང་ཆོས་བཀའ་དྲིན་མུ་མཐུད་སྩལ་འདུག
དེ་ཡང་གསར་འགོད་པ་(Reders)་གྱིས། ༧གོང་ས་མཆོག་གིས་དེང་སྐབས་འཛམ་གླིང་འདི་གཉན་འཕྲང་ཅན་གྱི་དུས་ཚོད་ཞིག་སླེབས་ཡོད་པའི་བཀའ་གནང་གི་འདུག་པར། དགོངས་ཚུལ་དེའི་གོ་དོན་འགྲེལ་བརྗོད་གནང་རོགས་ཞུས་པར། ༧གོང་ས་ཆེན་པོ་མཆོག་གིས། དེང་སྐབས་འཛམ་གླིང་ནང་ཞེད་སྣང་དང༌། ཁོང་ཁྲོ། གནའ་གནོན་བཤུ་གཞོག དབུལ་ཕྱུག་གི་ཁྱད་པར་སོགས་ཀྱི་དཀའ་རྙོག་མང་པོ་འཕྲད་བཞིན་པ་དེ་དག་ཕལ་ཆེ་བ་ང་རང་ཚོས་བཟོས་བཞག་པ་ཞིག་ཡིན་པ་ལྟར། གལ་སྲིད་དཀའ་ངལ་དེ་དག་སེལ་ཐབས་མ་བྱས་ན་གནས་སྟངས་ད་དུང་སྡུག་ཏུ་འགྲོ་ཉེན་ཡོད་རེད་ཅེས་གསུངས་འདུག
ཡང་གསར་འགོད་པས། བྱམས་པ་དང་སྙིང་རྗེ་ཉམས་ལེན་གྱི་ཐོག་ནས་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གདོང་ལེན་བཅོག་རྒྱུ་ཟེར་བ་དེ་ཡོང་ཐབས་མེད་པ་ཞིག་མ་རེད་དམ་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་ཆེན་པོ་མཆོག་གིས་དེ་ནི་བདེན་པ་མིན། འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་མཐའ་གཅིག་ཏུ་སེལ་དགོས་ན། དེ་ནི་ཕན་ཚུན་ངོ་ཐུག་དང་སྐད་ཆ་བཤད་པའི་ཐོག་ནས་སེལ་ཐབས་བྱེད་དགོས་པ་ལས། འཚེ་བའི་དཀའ་ངལ་ཞིག་འཚེ་བའི་ཐོག་ནས་སེལ་ཐབས་བྱས་པ་ཡིན་ན། དཀའ་ངལ་ད་དུང་སྡུག་ཏུ་འགྲོ་རྒྱུ་ལས་ཡག་ཏུ་འགྲོ་སྲིད་ཐབས་མེད། དྲག་འཐབ་ཀྱི་ཐོག་ནས་དཀའ་ངལ་སེལ་ཐབས་བྱེད་པ་ནི་ད་ལྟའི་དུས་ཚོད་དང་མ་མཚམས་པའི་བསམ་ཚུལ་ཞིག་རེད་ཅེས་བཀའ་ལན་སྩལ་གནང་མཛད་པའི་རྗེས་གསུང་ཆོས་མུ་མཐུད་སྩལ་གནང་འདུག
ཡང་ཉིན་དེའི་ཕྱི་དྲོ་གཞས་པ་གྲགས་ཅན་(Boris Grebenschikov)་དང༌། གློག་བརྙན་འཁྲབ་འཁྲིད་པ་(Vitaly Mansky) ཟློས་གར་འཁྲབ་འཁྲིད་པ་(Alvis Hermanis)་བཅས་ཀྱི་ལྷན་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་སོགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་ཏེ། འདི་ཚེས་ ༢༦ ་ཉིན་ཕྱིར་རྒྱ་གར་དུ་ཆིབས་བསྒྱུར་ཟིན་པ་དང་། སང་ཉིན་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎