༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟཊ་ཐོབ་མཁན་ལ་འཚམས་འཕྲིན་བསྩལ།


2017.10.06
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2017/10/3 སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 2017/10/3
OHHDL

ད་ལོའི་འཛམ་གླིང་ནོ་བེལ་ཞི་བདེ་གཟེངས་རྟགས་དེ་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་འགུལ་ཚོགས་པ་(ICAN)་ལ་ཐོབ་འདུག
དེ་ཡང་ད་ལོའི་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་འགུལ་ལམ་(International Campaign to Abolish Nuclear Weapons)་ཟེར་བའི་ཚོགས་པ་དེར་ཕུལ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་། ཚོགས་པ་དེའི་གཙོ་འཛིན་ལྕམ་(Beatrice Fihn)་གྱི་མཚན་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འཕྲིན་བསྩལ་གནང་འདུག
འཚམས་འཕྲིན་ནང་། འཛམ་གླིང་གི་ས་ཕྱོགས་གང་སར་ཟིང་ཟིང་དང་མ་ངེས་པའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་བཞིན་པའི་སྐབས་འདིར་ཁྱེད་རྣམ་པས་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ལས་དོན་ད་དུང་ཛ་དྲག་གི་ངང་ནས་སྤེལ་དགོས་པའི་དུས་ལ་སླེབས་ཡོད་པ་བཀའ་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་པ་འདིར་ཕྱི་ལོ་ ༢༠༠༧ ་ཙམ་ནས་ཐུགས་འདེངས་འཇོག་དང་རྒྱབ་སྐྱོར་གནང་ཡུལ་ཞིག་ཀྱང་ཡིན་འདུག
ནོར་ཝེའི་རྒྱལ་ས་ཨོ་སི་ལོ་རུ་ཆགས་པའི་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས། སྤྱི་ཟླ་ ༡༠ ་ཚེས་ ༦་ཉིན་གསལ་བསྒྲགས་ཞིག་སྤེལ་བའི་ནང་། ད་ལོའི་འཛམ་གླིང་ནོ་བེལ་ཞི་བདེ་གཟེངས་རྟགས་དེ་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་འགུལ་ཁང་ལ་ཕུལ་ནས་ལོ་མང་རིང་རྡུལ་ཕྲན་མཚོན་ཆ་མེད་པའི་འཇིག་རྟེན་ཞིག་བཟོ་སྐྲུན་ཆེད་བྱས་རྗེས་ཆེན་པོ་བཞག་པར་ངོས་འཛིན་གནང་ཆེད་ཡིན་ཞེས་ནོ་བེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་འགན་འཛིན་ལྕམ་(Berit Reiss-Andersen)་གྱིས་གསུངས་འདུག་ཅིང་།  ཁོང་གིས་རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་འགུལ་ཚོགས་པས་རྡུལ་ཕྲན་མཚོན་ཆ་འགོག་ཐབས་དང་མེད་པར་བཟོ་ཐབས་སུ་འབད་བརྩོན་ཆེན་པོ་གནང་ཡོད་པ་རེད། ང་ཚོ་འཚོ་ཞིང་གནས་ཡུལ་ས་ཡི་གོ་ལ་འདིར་རྡུལ་ཕྲན་མཚོན་ཆས་ཉེན་ཁ་ཆེན་པོ་བཟོས་ཡོད་ཞེས་གསུངས་པ་དང་ཆབས་ཅིག་དཔེ་མཚོན་དུ་བྱང་ཀོ་རི་ཡ་དྲངས་ནས་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཚོས་རིམ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་ཆེད་གྲོས་མོལ་གནང་རོགས་ཞེས་འབོད་སྐུལ་གནང་འདུག
རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་ལས་འགུལ་ཞེས་པའི་ཚོགས་པ་དེ་ ༢༠༠༧ ལོར་ Austria འི་རྒྱལ་ས་(Vienna)་རུ་གསར་འཛུགས་གནང་ཞིང་། འདས་པའི་ལོ་བཅུའི་ནང་ཆེས་གཞི་རིམ་གྱི་ལས་འགུལ་དེ་རིམ་བཞིན་འཛམ་གླིང་ཡོངས་སུ་ཁྱབ་པའི་སྒྲིག་འཛུགས་ཤིག་ཏུ་འཕེལ་རྒྱས་ཕྱིན་ནས། ད་ལྟ་རྒྱལ་ཁབ་ ༡༠༠་ལྷག་ནང་ཡན་ལག་ལས་ཁང་ ༤༥༠་ལྷག་བཙུགས་ཡོད་པ་རེད།
ལས་འགུལ་དེས་དམག་དཔུང་ཁུ་བསྡུ་དང་། ཞི་བདེ། མི་རིགས་ཕན་ཚུན་དབར་རྒྱུས་ལོན་གྱིས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུ་སོགས་ལས་དོན་ལ་སྐུལ་འདེད་གནང་དང་གནང་མུས་ཡིན་པ་རེད། སྤྱི་ལོ་༡༩༨༩་ལོར་འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་གནང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ་དང་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎