༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི།


2017.05.12
གསར་དུ་འདེམས་ཐོན་བྱུང་བའི་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་(Moon Jae-in)མཆོག གསར་དུ་འདེམས་ཐོན་བྱུང་བའི་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་(Moon Jae-in)མཆོག
Arirang

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་དུ་འདེམས་ཐོན་བྱུང་བའི་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་(Moon Jae-in)མཆོག་ལ་རྟེན་འབྲེལ་ཞུ་བའི་འཚམས་འཕྲིན་བསྩལ་གནང་མཛད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འཕྲིན་ནང་། དེང་སྐབས་འཛམ་གླིང་གི་གནས་སྟངས་ནི་དཀའ་ངལ་ཅན་དུ་གྱུར་ཡོད་པ་དང་། ས་གནས་མང་པོ་ཞིག་ལ་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་ཡོད་པའི་སྐབས་འདིར། ལྷོ་ཀོ་རི་ཡའི་དམངས་གཙོའི་ལམ་སྲོལ་དེ་འཛམ་གླིང་ཡོངས་ཀྱི་སྙིང་སྟོབས་ཀྱི་རེ་བ་ལྟ་བུ་ཆགས་ཡོད་སྐོར་བཀའ་གནང་སྟེ། ད་ལྟའི་དུས་སྐབས་འདི་སྔར་དང་མི་འདྲ་བར་ཞི་བདེ་འདོད་མཁན་རྣམས་མཉམ་རུབ་བྱ་རྒྱུའི་དུས་ལ་བབ་ཡོད་པ་དང་། དེ་ཡང་ཕན་ཚུན་བསམ་ཤེས་དང་གུས་བརྩི། གཉིས་ཕན་ཡོང་སླད་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ནི་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན་པ་བཀའ་གནང་པ་དང་ཆབས་གཅིག་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག
ཉེ་ལམ་སྤྱི་ཟླ ༥ ཚེས༩འི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་འདེམས་ཁྲོད་སྐུ་ཞབས་མུན་ཇཡི་ཨིན་ལྷོ་ཀོ་རི་ཡའི་སྲིད་འཛིན ༡༩ པར་བདམས་ཐོན་བྱུང་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎