༧གོང་ས་མཆོག་གིས་ཐུཊ་གསོ་དང་ཞལ་འདེབས་གསོལ་སྩལ་གནང་བ།


2016.04.12
རྒྱ་གར་གྱི་ཀེ་ར་ལ་མངའ་སྡེའི་ལྷ་ཁང་ཞིག་ནང་མེ་སྐྱོན་བྱུང་སྐབས་ཀྱི་རྨས་མ། ༢༠༡༦།༤།༡༠ རྒྱ་གར་གྱི་ཀེ་ར་ལ་མངའ་སྡེའི་ལྷ་ཁང་ཞིག་ནང་མེ་སྐྱོན་བྱུང་སྐབས་ཀྱི་རྨས་མ། ༢༠༡༦།༤།༡༠
AFP

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་Keralaམངའ་སྡེའི་ལྷ་ཁང་ཞིག་ནང་མེ་སྐྱོན་བྱུང་བར་ཐུགས་གསོ་དང་སྦྲགས་ཞལ་འདེབས་གསོལ་སྩལ་གནང་ཡོད་འདུག དེའི་སྐོར་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་སུ་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཐུགས་གསོའི་འཚམས་འཕྲིན་གནང་བའི་ནང་། ད་རེས་མེ་སྐྱོན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་དང་། ཤུལ་ལུས་ནང་མི་ཚོར་ཐུགས་གསོ་ཡོད་ལ་མངའ་སྡེའི་ངོས་ནས་རྨས་སྐྱོན་ཕོག་པ་རྣམས་ལ་གཟིགས་རྟོག་དང་། ངལ་སེལ་གྱི་མཐུན་འགྱུར་རོགས་རམ་ཡག་པོ་གནང་གི་ཡོད་ཤག་རེད། ད་རེས་གོད་ཆགས་ཕོག་པ་རྣམས་ལ་ངལ་སེལ་གྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཚོན་དོན་ཆེད་༧གོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས་ཞལ་འདེབས་གནང་གི་ཡིན་ཞེས་གསུངས་གནང་ཡོད་འདུག
འདས་པའི་གཟའ་ཉི་མའི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་མངའ་སྡེའི་Kollam་གྲོང་ཁྱེར་ནང་ཡོད་པའི་Puttingal Devi Temple་ཞེས་ཧིན་རྡུའི་ཆོས་བྱེད་པ་ཚོས་རྩ་ཆེར་བརྩི་ཡུལ་གྱི་ལྷ་ཁང་དེའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཚུགས་པའི་སྐབས་སུ། ཤོག་སྦག་ཧ་ཅང་ནུས་ཤུགས་ཆེན་པོ་དེ་འདྲ་རྒྱབ་ནས་མེ་སྐྱོན་བྱུང་ཡོད་པ་དང་། དོན་རྐྱེན་དེའི་འོག་ད་བར་གྲངས་ཐོ་བཏོན་པའི་ནང་མི་གྲངས་༡༡༦་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག སྐབས་དེར་བེད་སྤྱོད་བྱས་པའི་ཤོག་སྦག་དེ་དག་ནི་ཁྲིམས་འགལ་གྱི་ཐོག་ནས་བཟོས་པ་ཞིག་ཡིན་དུས་ལེ་ཁག་ཡོད་པའི་མི་སྣ་བཅུ་གྲངས་ཞིག་ཉེན་རྟོག་པས་འཛིན་བཟུང་བྱས་ཟིན་པ་དང་། ད་དུང་མུ་མཐུད་ནས་ཞིབ་མཇུག་བྱེད་བཞིན་ཡོད་པ་རེད།
གཟའ་ཟླ་བའི་ཉིན་སྲིད་བློན་མོ་དི་མཆོག་དང་། ཀོང་རེ་སེ་ཚོགས་པའི་ཚོགས་གཞོན་ར་ཧུལ་གྷན་དི་སོགས་གནད་ཡོད་དཔོན་རིགས་ཚོས་ས་གནས་སུ་གཟིགས་ཞིབ་གནང་ཡོད་པ་རེད།   

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎