༧གོང་ས་མཆོག་ཚན་རིག་པའི་ལྷན་ཚོཊ་བགྲོ་གླེང་གི་ཚོཊ་མགོན་དུ་བཞུཊ་འདུག


2017.09.14
༧གོང་ས་མཆོག་གིས་་(Hesse)་མངའ་སྡེའི་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་སྐབས། ༢༠༡༧།༩།༡༣ ༧གོང་ས་མཆོག་གིས་་(Hesse)་མངའ་སྡེའི་སློབ་ཕྲུག་སྟོང་ཕྲག་བརྒལ་བར་བཀའ་སློབ་གནང་སྐབས། ༢༠༡༧།༩།༡༣
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཇར་མན་ནང་ཆིབས་བསྒྱུར་སྐྱོང་བཞིན་ཡོད་པ་ལྟར། འདི་ཚེས་༡༤་ཉིན་ནང་ཆོས་ཀྱི་ཚན་རིག་པ་དང་ནུབ་ཕྱོགས་ཚན་རིག་པའི་དབར་གྱི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་ཆེ་གནང་མཛད་འདུག
ལྷན་ཚོགས་དེའི་ཐོག་དམིགས་བསལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོངས་གྲགས་སུ་གང་ཉིད་ཀྱི་ཚད་རྡུལ་རིག་པའམ་(Quantum Physics)་ཀྱི་དགེ་རྒན་དུ་བཀའ་གནང་པ། ཇར་མན་གྱི་ཚན་རིག་པ་གྲགས་ཅན་(Carl Friedrich von Weizsäcker)་འདས་པོ་དེ་ཉིད་ཀྱི་བུ་ཆེད་དུ་སྐུ་མགྲོན་དུ་མགྲོན་འབོད་གནང་སྟེ། ཁོང་གི་ཡབ་དགོངས་པ་རྫོགས་ཏེ་ལོ་ངོ་བཅུ་འཁོར་བར་དམིགས་བསལ་ཆེ་བསྟོད་ཞིག་ཀྱང་གནང་འདུག
ཉིན་གུང་གི་ལྗགས་སྨིན་གྲུབ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇར་མན་བོད་ཁང་དུ་གནས་གཟིགས་རབ་གནས་ཆེད་ཆིབས་བསྒྱུར་བསྐྱངས་ཐོག ཇར་མན་དང་རྒྱལ་སྤྱིའི་གསར་འགོད་པ་ཁག་དང་མཇལ་འཕྲད་གནང་མུས་ཡིན་པ་རེད།  
གོང་གི་ལྷན་ཚོགས་དེའི་ཐོག་(Hesse)་མངའ་སྡེའི་ཁོངས་ཀྱི་སློབ་གྲྭ་འདྲ་མིན་ནས་དམིགས་བསལ་འདེམས་སྒྲུག་བྱས་པའི་སློབ་ཕྲུག་༡༦༠༠་ཡས་མས་ཙམ་ལ་དྲི་བ་དྲིས་ལན་སྐབས་རང་དབང་དང་བྱམས་བརྩེ་གལ་ཆེན་པོ་ཡིན་སྐོར་བཀའ་སྩལ་གནང་མཛད་ཡོད་པ་རེད།
སང་ཉིན་ཕྱི་ཚེས་ ༡༥ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇར་མན་ནས་ཨི་ཊ་ལིའི་གྲོང་ཁྱེར་ སི་སི་ལིར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎