༧གོང་ས་མཆོག་གིས་གཞན་ལ་ཆོས་བཙན་འགེལ་བྱ་རྒྱུ་མེད་གསུངས་བ།


2016.06.24
༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཀོ་ལོ་ར་ཊོའི་གྲོང་ཁྱེར་བྷོ་ཊར་རུ་མཛད་འཕྲིན་འདྲ་མིན་སྐྱོང་བཞིན་པ། ༢༠༡༦།༦།༢༣ ༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཀོ་ལོ་ར་ཊོའི་གྲོང་ཁྱེར་བྷོ་ཊར་རུ་མཛད་འཕྲིན་འདྲ་མིན་སྐྱོང་བཞིན་པ། ༢༠༡༦།༦།༢༣
Glenn Asakawa/CUBoulder

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༣་ཉིན། ཨ་མི་རི་ཀའི་མངའ་སྡེ་ཀོ་ལོ་ར་ཊོར་གྱི་གྲོང་ཁྱེར་བྷོལ་གྲར་ནང་བོད་མི་གཙོ་བོར་འགྱུར་བའི་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་སྐབས། མི་གཞན་ལ་ཆོས་བཙན་འགེལ་བྱ་རྒྱུ་མེད་པའི་བཀའ་སློབ་སྩལ་གནང་མཛད་འདུག
༧གོང་ས་མཆོག་གིས་མི་གཞན་ལ་ཆོས་བཙན་བཀེལ་བྱ་རྒྱུ་མེད་པ་གསུངས་བ་དང་། ཆོས་ལུགས་འཆམ་མཐུན་མཉམ་གནས་དགོས་པའི་སྐོར་བཀའ་སྩལ་སྐབས། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་དང་སྙིང་རྗེ། བཟོད་བཞེས་དགོངས་ཡངས་སོགས་ཀྱི་བསླབ་བྱ་གཅིག་མཚུངས་བྱེད་ཀྱི་ཡོད་སྟབས་ཆོས་ལ་བརྟེན་ནས་རང་གིས་གཞན་ལ་གནོད་སྐྱེལ་རྒྱུའི་བསམ་བློ་ཞན་དུ་འགྲོ་རྒྱུ་ཡིན་སྐོར་བཀའ་གནང་འདུག
༧གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་མང་བ་ཡོང་ཕྱིར་མང་ཚོགས་ནས་གཞན་ལ་བྱམས་དང་། སྙིང་རྗེ་གོང་འཕེལ་གཏོང་དགོས་པ་དང་། འགྲོ་བ་མིའི་རིགས་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་གོ་རྟོགས་སྤེལ་དགོས་པའི་སྐུལ་མ་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་གྲོང་ཁྱེར་བྷོལ་གྲར་ནང་ཡོད་(University of Colorado)་གཙུག་ལག་སློབ་གྲ་ཆེན་མོའི་Coors ཚོགས་ཁང་ཆེན་མོ་ཡོངས་སུ་ཁེངས་པའི་མང་ཚོགས་ལ་བཀའ་ཆོས་སྩལ་བར་ཆིབས་བསྒྱུར་མཛད་སྐབས་གྲོས་ཚོགས་འཐུས་མི་Jared Polis་མཆོག་དང་། བྷོལ་གྲར་གྲོང་ཁྱེར་སྤྱི་ཁྱབ་ལྕམ་Suzanne Jones་མཆོག་གིས་གུས་གསུང་བཤད་གནང་བ་མ་ཟད། ལྕམ་Suzanne Jones་ཡིས། ༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་ནང་དར་ཁྱབ་ཆེ་བའི་བརྡབ་སྐྱོན་འགོག་བྱེད་ཀྱི་སྲུང་སྐྱོབ་ཞ་མོ་དཀར་པོ་ཞིག་ཕྱག་རྟགས་ཀྱི་ཚུལ་དུ་འབུལ་ཡོད་པ་དང་། ཞ་མོ་དེས་མི་མང་ཚོས་རང་གི་མི་ཚེའི་མདུན་ལམ་ལེགས་པ་ཡོང་ཕྱིར་འཐབ་རྩོད་བྱེད་སྐབས་སྲུང་སྐྱོབ་དགོས་པ་མཚོན་གྱི་ཡོད་སྐོར་བཀའ་གནང་འདུག
༧གོང་ས་མཆོག་ལོ་༡༩་རྗེས་སུ་ད་རེས་ཨ་རིའི་ཀོ་ལོ་ར་ཊོར་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་པ་ཡིན་པ་དང་། ༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་ལ་Denver Post་གཙོས་པའི་ས་གནས་ཀྱི་ཚགས་པར་དང་། བརྙན་འཕྲིན་ལས་ཁང་སོགས་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོའི་སྒོ་ནས་གནས་ཚུལ་མང་པོ་རྒྱང་སྲིང་ཡང་ཞུས་འདུག
༧གོང་ས་མཆོག་གིས་ཀོ་ལོ་ར་ཊོར་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཨ་རིའི་མངའ་སྡེ་Indianaའི་ནང་ཆིབས་བསྒྱུར་བསྐྱངས་གནང་གིས། ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་རྣམ་པའི་རྒྱལ་ཡོངས་ལོ་འཁོར་ཚོགས་འདུའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཨ་རིའི་གཞས་མ་སྙན་གྲགས་ཅན་Lady Gaga་གཙོས་པའི་གྲགས་ཅན་མི་སྣ་ཁག་གཅིག་གི་ལྷན་དུ་ཡང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎