༧གོང་ས་མཆོག་ནས་སྨན་བཅོས་སྡེ་ཚན་ཞིག་དབུ་འབྱེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་མེ་ཌེན་ཊ་ཞེས་པའི་སྨན་ཁང་གི་ཕོ་བ་དང་རྒྱུ་མའི་སྐྲན་ནད་བཅོས་པའི་དེང་རབས་ཅན་གྱི་སྨན་བཅོས་སྡེ་ཚན་གསར་པ་དབུ་འབྱེད་གནང་འདུག
2013-01-03
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །དེ་ཡང་ The Hindustan Times ཅེས་པའི་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་གནས་ཚུལ་སྤེལ་བ་ལྟར་ན།    རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་སུ་ཆགས་པའི་Gurgaon གྲོང་ཁྱེར་རུ་  Medanta ཞེས་པའི་སྨན་ཁང་གི་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག    ༧གོང་ས་མཆོག་གིས་འཕྲོད་བསྟེན་དང་མིའི་ལུས་སེམས་ཀྱི་བདེ་སྡུག་སྐོར་བཀའ་སློབ་བསྩལ་འདུག དེ་ཡང་ ༧གོང་ས་མཆོག་གིས་ལུས་པོ་བདེ་ཐང་ཡོང་བའི་རྒྱུ་རྐྱེན་ནི། ཕྱིའི་ལུས་པོ་གཅིག་པུ་མ་ཡིན་པར་ནང་སེམས་གཙང་མ་བཞག་དགོས་པ་འདི་གལ་ཆེ་བ་ཡིན་ཞིང་། གལ་སྲིད་ནང་སེམས་ཀྱི་བདེ་བ་བསྐྲུན་ཐུབ་པ་བྱུང་ན། ཕྱི་ལུས་པོའི་བདེ་ཐང་ནི། འཕྲོད་བསྟེན་གྱི་མཐུན་རྐྱེན་ཐོག་ནས་རང་བཞིན་ལྟ་སྐྱོང་ཐུབ་རྒྱུ་ཡིན་པའི་སྐོར་གསུང་འདུག  ད་རེས་གོང་ས་མཆོག་གིས་དབུ་འབྱེད་མཛད་པའི་Medanta སྨན་གྱི་གཙུག་ལག་སློབ་གཉེར་ཁང་གིས་ Endoscopy འམ་ སྐྲན་ནད་སྡེ་ཚན་དེ་བཞིན་དེང་དུས་ཀྱི་ཚན་རིག་ལག་རྩལ་དང་འཕྲུལ་རིག་གི་མཐུན་རྐྱེན་ལྡན་པའི་སྤྲན་ནད་སྔོན་འགོག་དང་བཅོས་ཐབས་བཅས་ཀྱི་ཐད་ལ་ཆེས་དེང་རབས་ཅན་གྱི་ཉམས་ཞིབ་དང་ཞིབ་འཇུག་ལྟེ་གནས་ཁང་ཞིག་ཏུ་ཆགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་སྐོར་གོང་གསལ་གཙུག་ལག་སློབ་གྲྭའི་མཐོ་རིམ་སྨན་པ་དང་ འཛིན་སྐྱོང་འགན་འཛིན་གྲས་Dr. Randhir Sud ཞུ་བས་༧གོང་ས་མཆོག་ལ་སྙན་སེང་ཞུས་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།