༧གོང་ས་མཆོག་དམིགས་བསལ་གླེང་སྟེགས་ཀྱི་སྐུ་མགྲོན་དུ་གདན་ཞུ།


2017.05.24
༧གོང་ས་མཆོག་གིས་ལྡི་ལིར་རྒྱ་གར་གྱི་བང་ཆེན་གསར་ཁང་གི་ལས་བྱེད་རྣམས་ལ་མཇལ་འཕྲད་དང་ལམ་སྟོན་བཀའ་སློབ་གནང་སྐབས། ༢༠༡༧།༥།༢༤ ༧གོང་ས་མཆོག་གིས་ལྡི་ལིར་རྒྱ་གར་གྱི་བང་ཆེན་གསར་ཁང་གི་ལས་བྱེད་རྣམས་ལ་མཇལ་འཕྲད་དང་ལམ་སྟོན་བཀའ་སློབ་གནང་སྐབས། ༢༠༡༧།༥།༢༤
སངས་རྒྱས་རྒྱ་མཚོ།/RFA

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་རྒྱ་གར་གྱི་བང་ཆེན་(Indian Express)གྱི་(Adda) ཟེར་བའི་གླེང་སྟེགས་ཀྱི་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ་དང་། གསར་ཁང་གི་ལས་བྱེད་རྣམས་ལ་མཇལ་འཕྲད་དང་ལམ་སྟོན་བཀའ་སློབ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཁུལ་གྱི་མཛད་འཕྲིན་ལེགས་པར་འགྲུབ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཞབས་སོར་འཁོད་གནང་མཛད་ཡོད་ཅིང་། རྒྱ་གར་གྱི་བང་ཆེན་གསར་ཁང་Indian Express ཞེས་པས་སྤྱི་ཚེས་༢༤་ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རེས་གཟའ་ལྷག་པའི་ཉིན་གྱི་Indian Express ཡིས་གོ་སྒྲིག་གནང་པའི་Express Adda ཞེས་པའི་གླེང་སྟེགས་ཐོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་ཡོད་པ་དང་། དེ་ཡང་Express Adda ཞེས་པའི་གླེང་སྟེགས་དེའི་ཐོིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་Express གསར་འགྱུར་བརྒྱུད་ལམ་གྱི་སྤྱི་ཁྱབ་འགན་འཛིན་Anat Goenka དང་། རྒྱལ་ཡོངས་དཔྱད་ཞིབ་རྩོམ་སྒྲིག་པ་Vandita Mishra ལྷན་དུ་བཀའ་མོལ་གནང་འདུག དེའི་རྗེས་གསར་ཁང་གི་ལས་བྱེད་རྣམས་ལ་མཇལ་འཕྲད་དང་དུས་རབས་ཉེར་གཅིག་པ་འདི་བྱམས་བརྩེ་ལྡན་པའི་དུས་རབས་ཞིག་ལ་བསྒྱུར་དགོས་བ་དང་། དེ་ལྟར་ཡོང་བ་ལ་གཞོན་སྐྱེས་ཕོ་མོ་ཚང་མས་འགན་ཁུར་ལེན་དགོས་བ་སོགས་ལམ་སྟོན་བཀའ་སློབ་གནང་འདུག
རྒྱ་གར་གྱི་བང་ཆེན་གསར་ཁང་Indian Express གསར་འགྱུར་རྒྱུད་ལམ་གྱིས་གོ་སྒྲིག་གནང་བའི་Express Adda ཞེས་པའི་གླེང་སྟེགས་དེའི་ཐོག་རྒྱ་གར་དཔལ་འབྱོར་ལྷན་ཁང་གི་སློབ་སྟོན་པ་Arvind Subramanianདང་། གློག་བརྙན་བཟོ་བསྐྲུན་པ་Karan Johar, དཔལ་འབྱོར་མཁས་དབང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་Amartya Sen་སོགས་སྙན་གྲགས་ཅན་གྱི་མི་སྣ་ཁག་གཅིག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་མྱོང་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎