བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོཊ་ཐོག་ཆིབས་བསྒྱུར་གནང་རྒྱུ་རེད།


2017.10.16
༧གོང་ས་མཆོག་རྒྱ་གར་གྱི་(Meerut)་གྲོང་ཁྱེར་ནང་གི་(DAV)་སློབ་གྲྭ་ཆེན་མོའི་ནང་། ༢༠༡༧།༡༠།༡༦ ༧གོང་ས་མཆོག་རྒྱ་གར་གྱི་(Meerut)་གྲོང་ཁྱེར་ནང་གི་(DAV)་སློབ་གྲྭ་ཆེན་མོའི་ནང་། ༢༠༡༧།༡༠།༡༦
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་མ་ནེ་པོར་(Manipur)་མངའ་སྡེའི་ནང་ཚོཊ་རྒྱུའི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱང་འཆར་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༡༦་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་པ་དང་། ༧གོང་ས་མཆོག་གིས་(Meerut)་གྲོང་ཁྱེར་ནང་གི་(DAV)་སློབ་གྲྭ་ཆེན་མོའི་ནང་བཀའ་སློབ་གནང་འདུག
སྤྱི་ཚེས་༡༧་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་ནས་(Manipur)་མངའ་སྡེའི་རྒྱལ་ས་(Imphal)་ནང་ཆིབས་བསྒྱུར་གྱིས་རྒྱ་གར་གཞུང་གིས་གོ་བསྒྲིགས་གནང་པའི་རྒྱལ་སྤྱིའི་ཞི་བདེ་ཚོགས་ཆེན་སྟེང་དབུ་བཞུགས་གནང་རྒྱུ་ཡིན་ཞིང་། ཚོགས་ཆེན་དེ་སྤྱི་ཚེས་༡༨་ཉིན་(Imphal)་གྲོང་ཁྱེར་ནང་ཚོགས་རྒྱུ་ཡིན་འདུག
(Manipur)་མངའ་སྡེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་(Khemchand)་ལགས་ཀྱིས་༧གོང་ས་མཆོག་ཚོགས་ཆེན་འདིའི་སྟེང་ཞབས་སོར་འཁོད་རྒྱུར་གདན་ཞུ་ཕུལ་བ་ཞིག་ཡིན་པ་དང་། ཚོགས་ཆེན་འདིའི་ཐོག་(Myanmar)་དང་། དེ་མིན་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཆོས་ལུཊ་ཀྱི་དབུ་ཁྲིད་དང་ནང་བའི་དགེ་འདུན་པ་སོཊ་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ལ་རྒྱ་གར་ཉེན་རྟོག་པས་༧གོང་ས་མཆོག་ས་གནས་དེར་མཚམས་གཟིགས་མ་ཕེབས་གོང་ནས་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་འཐུས་ཚང་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
ལྡི་ལིའི་ནང་༧གོང་ས་མཆོག་གིས་(Meerut)་གྲོང་ཁྱེར་ནང་གི་(DAV)་སློབ་གྲར་འཚམས་གཟིགས་ཐོག་ཚེས་༡༦་ཉིན་སློབ་གྲ་ཆེན་མོ་དེའི་ཀུན་སྤྱོད་ལག་འཆར་གྱི་མཛད་སྒོའི་ཐོག་བཀའ་སློབ་དང་ལས་འཆར་དེ་དབུ་འབྱེད་གནང་རྒྱུ་ཡིན་འདུག

གསར་འགོད་པ་རྡོ་རྗེ་མཚོ་དང་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎