ཞི་བདེའི་བཀའ་སློབ་ལམ་སྟོན་གྱི་པར་རིས་འགྲེམས་སྟོན།


2016.08.06
ཞི་བདེའི་བཀའ་སློབ་ལམ་སྟོན་གྱི་པར་རིས་འགྲེམས་སྟོན། ཞི་བདེའི་བཀའ་སློབ་ལམ་སྟོན་གྱི་པར་རིས་འགྲེམས་སྟོན།
དབུས་བོད་མིའི་སྒྲིག་འཛུགས།

༄༅།    །Ukraineརྒྱལ་ཁབ་ནང་༸གོང་ས་མཆོག་གི་ཞི་བདེའི་བཀའ་སློབ་ལམ་སྟོན་གྱི་པར་རིས་འགྲེམས་སྟོན་ཞིག་གནང་འདུག    དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བའི་ནང་པར་རིས་འགྲེམས་སྟོན་དེ་བཞིན་ཡུག་རེན་རྒྱལ་ཁབ་ཁྱོན་ཡོངས་སུ་སྐོར་སྐྱོད་ཀྱིས་སྤེལ་བཞིན་ཡོད་པ་དང་།  ད་ལྟའི་ཆར་ཡུལ་དེའི་Mariupol ཟེར་བའི་གྲོང་ཁྱེར་ནང་སྐོར་སྐྱོད་ཀྱིས་དུས་ཡུན་ཉིན་གྲངས་བཅུའི་རིང་གྲོང་ཁྱེར་དེའི་ནང་འགྲེམས་སྟོན་གནང་རྒྱུ་ཡིན་ཞིང་།  གྲོང་ཁྱེར་དེའི་ནང་པར་རིས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོའི་ཐོག་གཞོན་སྐྱེས་ཧ་ཅང་མང་པོ་སླེབས་ཡོད་པ་དང་།    ས་གནས་དེའི་ནང་པར་རིས་འགྲེམས་སྟོན་གོ་སྒྲིག་ཞུ་མཁན་ཚོགས་པའི་འགན་འཛིན་Andrey Tolkachཡིས་གསུང་ན།    པར་རིས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཕེབས་པའི་གཞོན་སྐྱེས་མང་པོ་ཞིག་དམག་འཁྲུག་དང་འཁྲུག་རྩོད་བྱུང་ཁུལ་ས་གནས་མི་མང་ཚོར་དྭངས་བླངས་ཞབས་ཞུའི་རོགས་རམ་བྱེད་མཁན་ཡིན་པ་དང་།   གཞོན་སྐྱེས་དེ་ཚོར་༧གོང་ས་མཆོག་གིས་ཞི་བདེ་དང་བདེ་སྐྱིད།    སྙིང་རྗེ་གཞན་ཕན་གྱི་རླབས་ཆེའི་བཀའ་སློབ་དེ་ཚོ་རྒྱུད་སྤེལ་བྱ་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག    སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེའི་སྐོར་གྱི་བཀའ་སློབ་དང་འབྲེལ་བའི་འགྲེམས་སྟོན་དེ་བཞིན་རུ་སུ་སྐུ་ཚབ་དོན་གཅོད་ལས་ཁང་དང་མོའོ་སེ་ཁོའོ་བོད་ཀྱི་ཐེབས་རྩ་ཁང་སོགས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་འོག་སྤེལ་བ་ཞིག་ཡིན་འདུག་ཅིང་།  པར་རིས་འགྲེམས་སྟོན་དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ས་ཕྱོགས་མང་པོར་ཕེབས་པའི་སྐབས་ཞི་བདེ་དང་འབྲེལ་བའི་བཀའ་སློབ་བསྩལ་སྐབས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་པར་པ་རྣམས་ཀྱི་སྒྲོན་པའི་སྐུ་པར་བསྡུ་རུབ་ཞུས་པ་ཞིག་རེད་འདུག
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎