༧གོང་ས་མཆོག་ལ་སེམས་ཁམས་རིག་པའི་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས།

2017-09-21
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་Pisa ༢༠༡༧།༩།༢༠
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིའི་Pisa ༢༠༡༧།༩།༢༠
OHHDL

༧གོང་ས་མཆོག་ལ་ཨི་ཊ་ལིའི་པི་ས་མཐོ་སློབ་ནས་འཕྲོད་བསྟེན་རྟགས་དཔྱད་ཀྱི་ལམ་ནས་སེམས་ཁམས་རིག་པའི་སློབ་དཔོན་གྱི་མཚན་གནས་ཕྱག་འཁྱེར་འབུལ་བཞེས་མཛད་འདུག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་ཊ་ལི་(Italy)ཡིས་ གྲགས་ཆེ་བའི་(Pisa)་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་འཕྲོད་བསྟེན་རྟགས་དཔྱད་ཀྱི་ལམ་ནས་སེམས་ཁམས་རིག་པའི་སློབ་དཔོན་གྱི་མཚན་གནས་མཚོན་པའི་ཆེ་བསྟོད་ཕྱག་འཁྱེར་འབུལ་བཞེས་མཛད་འདུག
དེ་རིང་ཕྱི་ཚེས་༢༡ཉིན་ཨི་ཊ་ལིའི་སྙན་གྲགས་ཆེ་བའི་Pisa་སློབ་གྲྭ་ཆེན་མོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་སློབ་དཔོན་གྱི་མཚན་གནས་ཕྱག་ཁྱེར་ཕུལ་ཏེ་ཆེ་བསྟོད་ཞུས་ཡོད་ཅིང་། འདི་ནི་༧གོང་ས་མཆོག་ལ་ཚན་རིག་གི་ཕྱོཊ་ནས་ཆེ་བསྟོད་གཟེངས་སྟགས་ཕུལ་བ་ཐོག་མ་དེ་ཆགས་ཡོད་འདུག
གཟའ་ཕུར་བུའི་སྔ་དྲོ་ ཨི་ཊ་ལིའི་Pisa་སློབ་གྲྭ་ཆེན་མོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་འཕྲོད་བསྟེན་དང་སེམས་ཁམས་རིག་པའི་སློབ་དཔོན་གྱི་མཚན་གནས་ཕྱག་ཁྱེར་འབུལ་བའི་མཛད་སྒོའི་ཐོག་ ༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས་། ཡོ་རོབ་མངའ་ཁུལ་གྱི་སྙན་གྲགས་ཆེ་ཞིང་ལོ་རྒྱུས་རང་བཞིན་ལྡན་པའི་སློབ་གྲྭ་ཆེན་མོ་འདིས་ ༧གོང་ས་མཆོག་གང་ཉིད་ཀྱིས་རྒྱ་གར་གྱི་གནའ་བོའི་སེམས་ཤེས་ཀྱི་ཚན་རིག་དང་སེམས་ཁམས་རིག་པའི་བར་ཟམ་ལྟ་བུ་བསྐྲུན་གནང་རྒྱུར་འབད་བརྩོན་གནང་བར་ངོས་འཛིན་ཞིག་མཚོན་ཡོད་པས་ཐུགས་མོས་གནང་གི་ཡོད་སྐོར་གསུངས་གནང་འདུག
༧གོང་ས་མཆོག་ལ་སློབ་དཔོན་གྱི་ཕྱག་ཁྱེར་འབུལ་བའི་མཛད་སྒོ་དེའི་ཐོག་ཕེ་ས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཕཱོ་ལོ་མཱན་ཀར་ལཱ་སོཊ་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་སོཊ་ཀྱི་རྗེས་མུ་འཐུད་སེམས་ཀྱི་ཚན་རིག་དང་ཀླད་རྩའི་ཚན་རིག་ཐོག་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།