༧གོང་ས་ཆེན་པོ་མཆོག་ལ་ཨི་ཊ་ལི་ནས་ཞི་བདེའི་རྟགས་མ་ཕུལ་འདུག


2017.09.19
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར། ༢༠༡༧།༩།༡༨ བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨི་ཊ་ལིར། ༢༠༡༧།༩།༡༨
Paolo Regis

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ཟླ་ ༩ ་ཚེས་ ༡༩ ་ཉིན་ཨི་ཊ་ལིའི་གྲོང་ཁྱེར་(Florence)་གྱི་ཞི་བདེའི་རྟགས་མ་དེ་འབུལ་བཞེས་གནང་ཡོད་པ་རེད།
དེ་ཡང་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་(Nardella)ས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་འབུལ་རྒྱུའི་ཆེ་བསྟོད་ཀྱི་གསུང་བཤད་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐུབ་པའི་མཚོན་དོན་ཞིག་ཡིན་པ་གསུངས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གཟེངས་རྟགས་དེ་འབུལ་བཞེས་མཛད་པ་དང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཆམ་མཐུན་ཞེས་བརྗོད་སྐབས་ང་ཚོས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་ཕུང་པོའི་གྲུབ་ཆ་དང་ཚོར་མྱོང་གང་གི་ཐོག་ནས་གཅིག་གྱུར་ཡིན་ལ། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འགྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་ཡོད་པ་ཡིན། དེར་བརྟེན་འཆམ་མཐུན་དང་ང་ཚོས་སོ་སོ་རང་ཉིད་ཀྱི་ལེགས་ཆའི་ནུས་པ་ཁག་བེད་སྤྱོད་བྱེད་རྒྱུ་དེ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཁེ་ཕན་ཞིག་ཡིན། ང་ཚོ་ཚང་མར་ལེགས་ཆའི་ནུས་པ་དེ་ཡོད་ལ། དྲི་བ་ནི་ནུས་པ་དེ་བེད་སྤྱོད་བྱེད་དང་མི་བྱེད་ཞེས་པ་དེ་ཡིན། འོན་ཀྱང་ང་ཚོས་ལེགས་ཆའི་ནུས་པ་དེ་དག་ནི་ཞི་བདེ་དང་བདེ་སྐྱིད། གཅིག་འགྱུར་བཅས་ཀྱི་མཐར་ཐུག་གི་འབྱུང་ཁུངས་ཤིག་ཡིན་པ་དེ་ཆོས་ལུགས་ཁས་བླངས་མཁན་དང་མི་བླངས་མཁན་ཚང་མས་རྟོགས་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག
ཕྱི་ཚེས་ ༡༩ ་ཉིན་མང་ཚོགས་ཀྱི་མཛད་འཆར་ཁག་གཉིས་བསྐྱངས་གནང་མཛད་ཅིང་། སྔ་དྲོ་གྲོང་ཁྱེར་དེའི་ནང་ཆོས་ལུགས་ཁག་གི་དུས་ཆེན་ཞིག་དབུ་འབྱེད་གནང་པའི་ཐོག་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མི་སྣ་ཁག་དང་ལྷན་དུ་བླང་དོར་གྱི་ལམ་ནས་རང་དབང་ཞེས་པའི་བརྗོད་གཞིའི་སྒོ་ནས་བགྲོ་གླེང་ཞིག་གནང་པ་དང་། ཉིན་རྒྱབ་གྲོང་ཁྱེར་དེའི་(Mandela)་ཚོགས་ཁང་ཆེན་མོའི་ནང་ཤེས་ཡོན་གྱི་ལམ་ནས་ཞི་བདེ་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཡོད་པ་རེད།
སང་ཉིན་ཕྱི་ཚེས་ ༢༠ ་ཉིན་གྲོང་ཁྱེར་པི་སའི་ནང་ཞབས་སོར་འཁོད་གནང་གིས། ཉིན་གྲངས་གཉིས་རིང་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་གནང་རྒྱུ་ཡིན་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་པི་ས་གཙུག་ལག་སློབ་གྲྭའི་ངོས་ནས་སློབ་དཔོན་གྱི་ཆེད་བསྟོད་ཕྱག་འཁྱེར་ཞིག་ཀྱང་ཕུལ་རྒྱུ་ཡིན་འདུག པི་ས་གཙུག་ལག་སློབ་གྲྭ་ཆེན་མོ་འདི་ནི་ཨི་ཊ་ལིའི་ནང་གི་མཐོ་རིམ་སློབ་གྲྭ་རྙིང་ཤོས་ཤིག་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎