ནང་པའི་ཆོས་ཀྱི་སྙིང་བོ་དྲན་པའི་སྒོ་ནས་ཁ་ཆེ་བའི་དཀའ་ངལ་སེལ་རོཊ་ལ་ཐུཊ་རེ་གནང་བ།

2017-09-11
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
༧གོང་ས་མཆོག་ལྕམ་ཨཱང་སན་སུ་ཀི་suu kyiརྣམ་གཉིས། ༢༠༡༢
༧གོང་ས་མཆོག་ལྕམ་ཨཱང་སན་སུ་ཀི་suu kyiརྣམ་གཉིས། ༢༠༡༢
པར་ཚགས།

༧གོང་ས་མཆོག་གིས་ལྕམ་ཨཱང་སན་སུ་ཀི་ལ་འབར་མའི་ནང་གི་ཛ་དྲག་གནས་སྟངས་ཞི་བའི་སྒོ་ནས་སེལ་ཐུབ་པ་ཡོང་བའི་འབོད་སྐུལ་གནང་ཡོད་འདུག
ཉེ་བའི་ཆར་ལྡི་ལི་ནས་གསར་འགོད་པས་བཅར་འདྲི་ལྟར། འབར་མ་(Myanmar)་ས་གནས་(Rakhine)་མངའ་སྡེའི་ནང་གི་དྲག་ཟིང་གི་གནས་སྟངས་དང་རཱོ་ཧིན་གྷའི་སྐྱབས་བཅོལ་བ་མང་པོ་བྷང་ལ་སྡེ་ཤེའི་ནང་བསྐྱོད་པའི་དཀའ་ངལ་གྱི་གནས་སྟངས་དེའི་ཐད་བོད་མིའི་དབུ་འཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གནང་ཡོད་པར། རོ་ཧིན་གྷའི་ཁ་ཆེའི་མི་རིགས་ཚོར་འཕྲད་པའི་དཀའ་ངལ་དེ་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་དྲན་པའི་སྒོ་ནས་རོ་ཧིན་གྷའི་དཀའ་ངལ་སེལ་རྒྱུར་རོགས་ཕན་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཀའ་གནང་ཡོད་པ་རེད།
དེ་སྔོན་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་འཚོགས་ཤིག་གི་སར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་དང་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨཱང་སན་སུ་ཀི་མཆོག་དང་མཇལ་འཕྲད་གནང་བའི་སྐབས་སོགས་སྔ་རྗེས་སུ་བཀའ་གནང་ཡོད་པ་ལྟར། འབར་མ་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་གྱི་ཡུལ་ཞིག་གི་ནང་དྲག་ཟིང་གི་གནས་ཚུལ་དེ་འདྲ་ཐོན་པར་ཐུགས་ཕམ་ཡོད་ལུགས་དང་། ང་ཚོས་དཀའ་ངལ་དེ་ཚོ་སེལ་ཐབས་ཀྱི་འབད་བརྩོན་གནང་དགོས་པ་རེད་ཅེས་༧གོང་ས་མཆོག་གིས་ལྕམ་ཨཱང་སན་སུ་ཀི་ལ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཛ་དྲག་གནས་སྟངས་ཞི་བའི་སྒོ་ནས་སེལ་ཐུབ་པ་ཡོང་བའི་འབོད་སྐུལ་གནང་ཡོད་འདུག
རཱོ་ཧིན་གྷའི་སྐྱབས་བཅོལ་ཡུལ་མི་འབུམ་༣་ཙམ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་མང་པོ་ཞིག་བྷང་ལ་སྡེ་ཤེའི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་རེད། བྷང་ལ་སྡེ་ཤེའི་གཞུང་གིས་ཀྱང་རོ་ཧིན་གྷའི་སྐྱབས་བཅོལ་བའི་སྒར་ས་འཕར་མ་བཀོད་སྒྲིག་གནང་ཡོད་པ་རེད།
བྷང་ལ་སྡེ་ཤེའི་ཕྱི་འབྲེལ་བློན་ཆེན་(Mohammed Dhahriar Alam)་གིས་གསུངས་པར། བྷང་ལ་སྡེ་ཤེའི་སྲིད་བློན་Sheikh Hasina་མཆོག་གིས་རཱོ་ཧིན་གྷའི་སྐྱབས་བཅོལ་ཡུལ་མི་ཚོའི་ཆེད་དུ་སྐྱབས་བཅོལ་སྒར་ས་Kutupalong་ཞེས་པའི་ས་གནས་འཕར་མ་བཀོད་སྒྲིག་གནང་ཡོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།