སེམས་འདུལ་རྒྱུ་གལ་ཆེའི་སྐོར་བཀའ་སློབ།

བོད་ནང་ཆོས་འཆད་ཉན་བྱེད་རྒྱུར་ཧ་ཅང་གི་དཀའ་བའི་རང་བཞིན་ཞིག་ཡིན་སྟབས། ༧གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོས་ཆོས་ཡག་པོ་ཉན་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།
2012-12-25
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ར་ཤི་ཡའི་སོག་རིགས་གཙོ་བོར་འགྱུར་བའི་དད་ལྡན་ཆོས་ཞུ་ཁག་ཅིག་ལ་གསུང་ཆོས་བཀའ་དྲིན་སྐྱོང་བཞིན་ཡོད་པ་རེད།          ཆོས་ཞུ་བ་མི་གྲངས་ ༡༥༠༠ ཁུངས་ནས་བོད་ནས་ཕེབས་པའི་བོད་མི་ཁག་ཅིག་ལ་དེང་སྐབས་བོད་ནང་ཆོས་འཆད་ཉན་བྱེད་རྒྱུར་ཧ་ཅང་གི་དཀའ་བའི་རང་བཞིན་ཞིག་ཡིན་སྟབས།    བོད་མི་དེ་དག་གིས་ད་ཐེངས་ཀྱི་གོ་སྐབས་འདི་བཟུང་ནས་ཆོས་ཡག་པོ་ཉན་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།          ཡང་༸གོང་ས་མཆོག་གིས་དེང་གི་འཛམ་གླིང་འདིར་དཀའ་རྙོག་ཁག་བདག་འཛིན་གྱི་བློ་དེས་བཟོས་ཀྱི་ཡོད་པ་དང་།    ནང་པ་སངས་རྒྱས་པའི་ཆོས་ནང་བདག་ལས་གཞན་གཅེས་པར་འཛིན་པའི་བློ་སྦྱོང་སྟངས་སློབ་ཀྱི་ཡོད་སྟབས།    དེས་ནང་སེམས་འདུལ་རྒྱུའི་ཐོག་ཕན་ཐོགས་ཡོད་སྐོར་བཀའ་གནང་ཡོད་པ་རེད།         དེ་བཞིན་༸གོང་ས་མཆོག་གིས་སེམས་ཆགས་སྡང་དང་ཉོན་མོངས་ཀྱི་འགྲིབ་སྐབས།    གཞན་ལ་བརྩེ་བ་དང་བྱམས་སྙིང་རྗེ་སྒོམ་ན་ནང་སེམས་ཞི་གདུལ་ཐོག་ཕན་ཐོགས་ཡོང་རྒྱུ་དང་།    དེང་སྐབས་མཚན་རིག་པས་བདེ་སྐྱིད་ངོ་མ་དེ་ནང་སེམས་ནས་ཡོང་གི་ཡོད་སྐོར་བརྗོད་ཀྱི་ཡོད་པས་མ་ཟད།    བྱམས་སྙིང་རྗེས་ནང་སེམས་ཙམ་མ་ཟད།    གཟུགས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་སྐོར་བཀའ་གནང་འདུག

རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ཚེས་༢༥ནས་དབུ་འཛུགས་གནང་བའི་ད་རེས་ཀྱི་ཆོས་འབྲེལ་དེ་ཕྱི་ཚེས་༢༨ཉིན་མཇུག་བསྒྲིལ་གནང་གི་ཡོད་པ་རེད།།