འཛམ་གླིང་ནང་མི་ཚང་མ་ཕན་ཚུན་འཆམ་མཐུན་ངང་གནས་དགོས།

2017-08-10
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 2017/8/10
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག 2017/8/10
སངས་རྒྱས་རྒྱ་མཚོ།/RFA

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་དབྱིན་ཇིའི་མཁས་དབང་མཐུན་ཚོགས་(Association of British Scholars)་ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༠་ཉིན་ལྡི་ལིའི་ནང་གི་Siri Fort་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ཉི་སྟོང་ལྷག་ལ་བདེ་སྐྱིད་ཀྱི་འབྱུང་རྩ་ཞེས་བའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་བཤད་ཀྱི་ཐོག་མར། འཛམ་གླིང་འདིའི་ཐོག་གི་མི་གྲངས་ཐེར་འབུམ་བདུན་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་གཅིག་གྱུར་ཡིན་སྐོར་བཀའ་གནང་པ་་དང་ཆབས་ཅིག མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྕེ་ལྡན་པ་ཞིག་ཡིན་དུས། འཛམ་གླིང་ནང་མི་ཚང་མ་ཕན་ཚུན་འཆམ་མཐུན་ངང་གནས་ཐུབ་རྒྱུའི་ནུས་པ་ཡོད་ཡིན་པ་བཀའ་གནང་འདུག
དེ་བཞིན་བཀའ་སློབ་གསུང་བཤད་དུ་བཅར་བའི་བོད་མི་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ཀྱི་སྤོབས་པ་བྱ་ཡུལ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་གལ་ཆེ་བའི་སྐོར་བཀའ་གནང་འདུག
རྒྱ་གར་ནང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དང་སྤྱོད་བཟང་གོང་འཕེལ་གཏོང་ཐབས་སུདམིགས་ཏེ་ལྡི་ལིའི་ནང་གི་དབྱིན་ཇིའི་མཁས་པའི་མཐུན་ཚོགས་ཀྱིས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་བླ་ཆེན་ཁག་གདན་ཞུས་ཏེ་མང་ཚོགས་ལ་གསུངས་བཤད་གནང་རྒྱུའི་ལས་རིམ་གོ་སྒྲིག་གནང་གི་ཡོད་པ་ལྟར། ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་པ་ཞིག་ཡིན་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།