༧གོང་ས་མཆོག་གིས་དཔལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་བསྩལ་འདུག


2018.01.19
༧གོང་ས་མཆོག་གིས་དཔལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་བསྩལ་སྐབས། ༢༠༡༨།༡།༡༩ ༧གོང་ས་མཆོག་གིས་དཔལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་བསྩལ་སྐབས། ༢༠༡༨།༡།༡༩
OHHDL

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་དངོས་གཞི་བསྩལ་གནང་མཛད་འདུག
ཕྱི་ཟླ་དང་པོའི་ཚེས་ ༡༩ ཉིན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ། དད་ལྡན་ཆོས་ཞུ་བ་ཁྲི་ཚོ་འགས་ཤས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བཀའ་དབང་གི་དངོས་རིམ་པ་སྩལ་གནང་གྲུབ་ཅིང་། སྐབས་དེར་དབང་ཆོག་ལྟར་བྱང་སེམས་སྡོམ་པ་བོག་ཆོག་སྐབས།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་ནི་རང་གཞན་ཀུན་གྱི་བདེ་སྐྱིད་ཀྱི་སྒོ་དམ་པ་དང་།  ཚེ་འདི་ཕྱི་མ་ཙམ་མ་ཡིན་པར། ཚེ་འདི་ལ་ཡང་ཚེ་རིང་ཞིང་། སེམས་སྐྱིད་ལ་བག་ཕེབ་པ། ལོངས་སྤྱོད་འབྱུང་བ་སོགས་ཀྱི་ཕན་ཐོག་བསམ་གྱི་མི་ཁྱབ་པ་ཡོད་པ་བཀའ་གནང་ཡོད་པ་རེད།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༡ པོའི་ཚེ་འགོར་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་གནང་མཛད་པ་ནས་བཟུང་ཆོས་འབྲེལ་གསུང་ཆོས་མང་དག་ཞིག་བསྩལ་གནང་མཛད་ཡོད་ལ། ཕྱི་ནང་གི་དད་ལྡན་ཆོས་ཞུ་དང་ལྷག་པར་བོད་ནས་གནས་མཇལ་དུ་སླེབས་པའི་བོད་མི་སོགས་ཁྱོན་ཆོས་ཞུ་ཁྲི་ཚོ་འགའ་ཤས་བཅར་ཡོད་པ་རེད།
སྔོན་འཆར་ལྟར་ན་ཕྱི་ཚེས་ ༢༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་འཁོར་ལོ་བདེ་མཆོག་གི་བཀའ་དབང་སྩོལ་རྒྱུ་ཡིན་ན་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཕྲན་བུ་སྐུ་མཉེལ་བ་དང་མགུལ་འཆམ་འཕྲན་བུ་བཞེས་ཚུལ་མཛད་པའི་རྐྱེན་གྱིས་བདེ་མཆོག་གི་བཀའ་དབང་མ་འོངས་པའི་དུས་ཚོད་ཞིག་ཏུ་སྩོལ་གནང་མཛད་རྒྱུ་བཀའ་གནང་པ་དང་། ཕྱི་ཚེས་ ༢༡ ཉིན་འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་སྩོལ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎