༧གོང་ས་མཆོག་གིས་རྒྱལ་ཚོཊ་ཀྱི་སྐྱབས་བཅོལ་ཚན་པར་ངལ་སེལ་ཕྱག་བྲིས་བསྩལ་འདུག


2017.09.22
༧གོང་ས་མཆོག་གིས་ཨེ་ཊ་ལིར་སེམས་ཁམས་རིག་པའི་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་སྐབས། ༢༠༡༧།༩།༢༡ ༧གོང་ས་མཆོག་གིས་ཨེ་ཊ་ལིར་སེམས་ཁམས་རིག་པའི་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་བཞེས་སྐབས། ༢༠༡༧།༩།༢༡
OHHDL

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་རྟོག་ཞིབ་ལྷན་ཁང་གི་འགན་འཛིན་ ཧྥི་ལི་པོ་ སྒརཱན་དྷི་མཆོག་ལ་འབར་མའི་ནང་པ་དང་ཁ་ཆེའི་བར་གྱི་འགལ་ཟིང་སེལ་ཆེད་ཕྱག་བྲིས་ཞིག་བསྩལ་གནང་འདུག
དེ་ཡང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་འབར་མའི་རྒྱལ་ཁབ་ཀྱི་ནང་པ་དང་ཁ་ཆེ་བར་གྱི་འགལ་ཟླ་བྱུང་ནས་འདས་པའི་ལོ་ཤས་སུ་འཁྲུག་ཟིང་རིགས་བསྟུད་མར་འབྱུང་བཞིན་པར་མ་ཟད། ཤི་རྨས་ཀྱི་དོན་རྐྱེན་རིགས་ཀྱང་རྒྱུན་ཆད་མེད་པར་བྱུང་དང་འབྱུང་གིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་འགྲིག་ཡོང་རྒྱུར་འབོད་སྐུལ་ཐེངས་མང་གནང་ཡང་། ད་དུང་ཡང་གནས་སྟངས་ཛ་དྲག་ངང་གནས་ཡོད་པ་རེད། ལྷག་དོན་དུ་འབར་མའི་ནང་པ་དང་ཁ་ཆེའི་རྙོག་གླེང་རྐྱེན་པས་ཁ་ཆེའི་མི་རིགས་མང་པོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དེ་ཤི་སོགས་སུ་བྲོས་བྱོལ་ལ་འགྲོ་དགོས་བྱུང་བའི་གནས་ཚུལ་རིམ་པ་ཐོན་བཞིན་པའི་ཛ་དྲག་གནས་སྟངས་དང་འབྲེལ། སྤྱི་ནོར་༧གོང་ས་མཆོག་གིས་ཐུགས་འཚབ་དང་བཅས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་རྟོག་ཞིབ་ལྷན་ཁང་གི་འགན་འཛིན་སྐུ་ཞབས(Filippo Grandi)་མཆོག་ལ་ཕྱག་བྲིས་ཞིག་བསྩལ་གནང་འདུག་ཅིང་། དེའི་ནང་ འབར་མའི་འགོ་ཁྲིད་རྣམ་པས་འབྲེལ་ཡོད་ཕྱོགས་ཚང་མར་ཕན་ཐོགས་ཡོང་རྒྱུའི་ཆེད་དུ། ཆབ་སྲིད་ཀྱི་དཀའ་ངལ་དེ་སེལ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་ཅེས་འཁོད་པ་དང་ཆབས་ཅིག ༧གོང་ས་མཆོག་གིས་སྐྱབས་བཅོལ་བ་དེ་དག་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེས་དང་ཐུགས་ཚབ་ཆེན་པོས་ཛ་དྲག་ངལ་སེལ་སླད་གང་ཉིད་ཀྱིས་དགའ་ལྡན་ཕོ་བྲང་ཐེབས་རྩ་བརྒྱུད་ཞལ་འདེབས་གསོལ་སྩལ་མཛད་རྒྱུ་ཡིན་ཞེས་དང་་། ངལ་སེལ་ཞལ་འདེབས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་སྣེ་ཁྲིད་པའི་ངལ་སེལ་དང་རོགས་སྐྱོབ་ལས་གཞི་བརྒྱུད་འབུལ་རྒྱུ་ཡིན་ཞེས་འཁོད་འདུག
ད་ལོའི་སྤྱི་ཟླ་ ༨་པར། ནང་པ་དང་ཁ་ཆེའི་བར་འཁྲུག་ཟིང་ཡང་བསྐྱར་ལངས་སྟབས། ཁ་ཆེ་བ་འབུམ་བཞི་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ལ་སོང་ཡོད་ན་ཡང་། ཟླ་འདིའི་ཚེས་ ༡༩ ་ཉིན། འབར་མའི་དབུ་ཁྲིད་ལྕམ་ཨང་སན་སུ་ཇི་ལགས་ཀྱིས་ཁ་ཆེ་བ་མང་ཆེ་བ་རང་ཡུལ་དང་ཁ་བྲལ་མེད་པས། དེ་ཡིས་གནས་སྟངས་རྒྱལ་སྤྱིའི་སྒང་གི་བཤད་སྟངས་ནང་བཞིན་ཛ་དྲག་མིན་པ་མཚོན་ཡོད་ཅེས་འགྲེལ་བརྗོད་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་དོགས་པ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎