བོད་དོན་རྒྱབ་སྐྱོར་ཚོཊ་པ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཤེས་གལ་ཆེ།


2015.11.11
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤེ་ཡའི་ས་ཁུལ་གྱི་ཚོགས་ཆེན་སྐབས། ༢༠༡༥།༡༡།༡༡ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤེ་ཡའི་ས་ཁུལ་གྱི་ཚོགས་ཆེན་སྐབས། ༢༠༡༥།༡༡།༡༡
ITN

བོད་དོན་རྒྱབ་སྐྱོར་ཚོཊ་པ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཤེས་རྒྱུ་ཡང་ལས་འགན་གལ་ཆེན་པོ་ཡིན་པ་ཕྱི་དྲིལ་བཀའ་བློན་གྱིས་གསུངས་བ།
དེ་ཡང་འཛམ་གླིང་ཁྱོན་ཡོངས་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཧ་ཅང་མང་དུ་འགྲོ་བཞིན་ཡིན་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་དེ་ཤེས་རྒྱུ་ཡང་ལས་འགན་གལ་ཆེན་པོ་ཞིག་རེད་ཞེས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤེ་ཡའི་ས་ཁུལ་གྱི་ཚོགས་ཆེན་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུངས་འདུག
དེ་ནི་དེ་རིང་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཉིན། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་དོན་རྒྱབ་སྐྱོར་ཚོགས་པས་བརྩམས་པའི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་བྱུས་སྙན་ཐོ་དེ་ཧ་ཅང་ཡག་པོ་དང་སྤུས་དག་པོ་བྱུང་ཡོད་ལུགས་བསྔགས་བརྗོད་གནང་ཐོག བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་གནད་དོན་ཐོག་ལས་འགུལ་སྤེལ་བ་དང་ཆབས་གཅིག བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་ལའང་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ནི་གཞིས་ལུས་རྒྱ་ཆེ་མི་མང་གི་ལས་འགུལ་བརྩམས་པ་དེར་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེའི་ཐོག་ནས་རོགས་རམ་གྱི་ལས་འགུལ་སྤེལ་རྒྱུ་དེ་ཆགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་མི་རབས་རྒན་པ་ཚོས་སྐུ་ངལ་སྐྱོན་ནས་བཙུག་པའི་སྒྲིག་འཛུགས་ཤིག་ཡིན་པས། སྒྲིག་འཛུགས་འདི་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་དོན་བདེན་མཐའ་མ་གསལ་བར་དུ་བརྟན་པོར་གནས་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་ལུགས་དང་། ཉེ་ཆར་གཞོན་ནུའི་ལས་བྱེད་གསུམ་གྱིས་རྒྱལ་ས་ལྡི་ལིར་རྒྱལ་ཞེན་ཆེན་པོས་ཟས་བཅད་ངོ་རྒོལ་གནང་བར་ཁོང་གསུམ་གྱི་སེམས་ཤུགས་དང་རྒྱལ་ཞེན་ལ་བསྔགས་བརྗོད་ཡང་གནང་འདུག
བཞུགས་སྒ་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་ཕྱི་ཟླ་༡༡་ཚེས་༩ནས་༡༡བར་ཉིན་གྲངས་གསུམ་རིང་། ཨེ་ཤེ་ཡའི་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་གར་དང་། ཨ་རི། དབྱིན་ཇི། ཐེ་ཝན། བྷང་ལ་དེ་ཤི། ལ་ཌིན་ཨ་མི་རི་ཀ ཁེ་ན་ཌ། མ་ལེ་ཤི་ཡ། ཕི་ལི་པིན། ཨི་ཌ་ལི་བཅས་རྒྱལ་ཁབ་བཅུ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅུ་བཞི་ནས་ཚོགས་བཅར་བ་མི་གྲངས་༤༦ནས་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎