ལོ་གཅིག་རིང་ལ་འབྲིང་རིམ་སློབ་གྲྭའི་དགེ་རྒན་འོས་སྦྱོང་།


2014.04.08
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ཚོགས་ཆེན་ཐེངས༦པའི་སྐབས། ༢༠༡༤།༡།༧ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ཚོགས་ཆེན་ཐེངས༦པའི་སྐབས། ༢༠༡༤།༡།༧
པར། བོད་མིའི་སྒྲིག་འཛུགས།

དགེ་རྒན་གྱི་དམིཊ་ཡུལ་ཡོད་མཁན་ལ་ལོ་གཅིག་རིང་ལ་འབྲིང་རིམ་སློབ་གྲྭའི་དགེ་རྒན་འོས་སྦྱོང་གི་གོ་སྐབས་གནང་རྒྱུ་ཡིན་པ་རེད་འདུག
དེ་ཡང་གནས་ཚུལ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཝ་ར་ན་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་གྱིས་ཚན་རིག་དང་། སྒྱུ་སྩལ། བོད་ཀྱི་སྐད་ཡིག་ཐོག་མ་འོངས་པར་དགེ་རྒན་གྱི་དམིགས་ཡུལ་ཡོད་མཁན་མི་གྲངས་༢༥ལ་ལོ་གཅིག་རིང་ལ་འབྲིང་རིམ་སློབ་གྲྭའི་དགེ་རྒན་འོས་སྦྱོང་གི་གོ་སྐབས་གནང་རྒྱུ་ཡིན་པ་དང་། ལས་གཞི་དེ་འདི་ལོའི་ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་འགོ་འཛུགས་གནང་རྒྱུ་ཡིན་པར། དགེ་རྒན་འོས་སྦྱོང་གི་སློབ་ཁྲིད་གནང་ཡུལ་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་ཡིན་ཞིང། ཆ་རྐྱེན་ནི་འཛུལ་བློ་ཡོད་མཁན་སུ་ཡིན་ཕྱིན་ཉུང་མཐར་གཙུག་ལག་རབས་བྱམས་པ་ཐོན་དགོས་ལ་དེ་ཡང་ཕྱོགས་བསྡོམས་ཀྱི་བརྒྱ་ཆ་༥༠ ལོན་དགོས་པ་དང། ཉེ་བའི་གཙུག་ལག་རབས་འབྱམས་པའི་ཡིག་རྒྱུགས་སྐབས་བོད་པའི་སློབ་གྲྭ་སོ་སོའི་ནང་གི་བསླབ་གཞིའི་སློབ་ཚན་གཉིས་ངེས་པར་དུ་ཐོན་དགོས་ཀྱི་ཡོད་པ་རེད། དེའི་མཉམ་དུ་འཛིན་རིམ་༡༠ དང། ༡༢ ཐོན་པའི་ལག་འཁྱེར་ངོ་བཤུས་དགོས་པའི་ཁར་འཛིན་རིམ་༡༢ སྐབས་ལ་བོད་ཡིག་སློབ་ཚན་ངེས་པར་ཐོན་དགོས་ཀྱི་ཡོད་པ་དང། གལ་ཏེ་དགེ་རྒན་འོས་སྦྱོང་གི་སློབ་གྲྭའི་སློབ་ཚན་གྱི་ཐོག་ལ་གཙུག་ལག་རབས་འབྱམས་པའི་བརྒྱ་ཆ་༥༠ ལོན་པ་བྱུང་ཡོད་ན་དམིགས་བསལ་བརྒྱ་ཆ་ཐོབ་ཀྱི་ཡོད་པ་རེད། ད་དུང་གནས་ཡུལ་སོ་སོའི་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ངོ་བཤུས་དང། ༢༠༡༣ ལོའི་དཔྱ་ཁྲལ་ཕུལ་ཟིན་པའི་ངོ་བཤུས། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར་ངོ་མ། དགེ་རྒན་འོས་སྦྱོང་ཐོན་པའི་རྗེས་ཉུང་མཐར་ལོ་ལྔ་རིང་སློབ་གྲྭ་ཁག་ཏུ་ལས་ཀ་བྱ་རྒྱུའི་ཁས་ལེན་དགོས་པ། གོང་གསལ་གྱི་ལག་འཁྱེར་དང་ཡིག་ཆའི་ངོ་བཤུས་ཀྱི་སྟེང་དུ་དོ་བདག་གནས་ཡུལ་ས་གནས་སོ་སོའི་འགོ་འཛིན་ནམ་ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་འབྲེལ་དྲུང་ཆེ་ཡན་གྱི་གོ་གནས་ཡོད་པའམ་ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་ནས་ངོ་བཤུས་ཡིག་ཆ་དེ་དག་རྫུན་བཟོ་མིན་པའི་ཁས་ལེན་ཐུབ་པའི་ས་ཡིག་འཁོད་དགོས་ཀྱི་ཡོད་པ་རེད། དགེ་རྒན་འོས་སྦྱོང་གི་དུས་ཡུན་ལོ་གཅིག་རིང་གི་སློབ་ཡོན་དང་ཟས་གྲོན་སོགས་ཡོང་རྫོགས་ཤེས་རིག་ལས་ཁུངས་ནས་གཏོང་རྒྱུ་ཡིན་པ་དང། ཞུགས་བློ་ཡོད་མཁན་ཚོས་ཕྱི་ཟླ༦པའི་ཚེས་༡༥ནང་ཚུད་དུ་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ནང་གི་འགེངས་ཤོག་བཀང་སྟེ་དུས་ཐོག་ལ་ཡིག་ཟམ་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་ལམ་ཞུ་དགོས་པ་དང་ཆ་རྐྱེན་ཚང་བའི་སློབ་ཕྲུག་དེ་དག་ནང་ནས་ངག་རྒྱུག་ཀྱི་ལམ་ནས་སློབ་མ་༢༥ འདེམས་སྒྲུག་གནང་གི་ཡོད་པ་རེད་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎