རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད།

2013-02-26
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད་གསུངས།
ཕྱི་དྲིལ་བཀའ་བློན་མཆོག་སུད་སི་ཁུལ་དུ་འཚམས་གཟིགས།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །ཁ་སང་ཕྱི་ཚེས་ ༢༥ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སུད་སི་གྲོང་ཁྱེར་བྷ་སེལ་ (Basel) ནང་སུད་བོད་མཛའ་འབྲེལ་ཚོགས་པའི་ (Swiss Tibetan Friendship Association.)ལོ་འཁོར་ཚོགས་ཆེན་ནང་ཚོགས་བཅར་ཞུས་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག    སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་ནས་ཁོང་རྣམ་པས་ད་བར་བོད་མིའི་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་བོད་མི་ཚང་མའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པས་མ་ཚད།    ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་འོག་གྲོས་མོལ་གྱི་ལམ་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། རྒྱ་ནག་རང་ལ་ཆ་མཚོན་ནའང་བོད་ཀྱི་གནད་དོན་སེལ་རྒྱུ་ནི།    རྒྱ་ནག་རང་གི་ཁེ་ཕན་ཆེད་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།    ཕྱི་དྲིལ་བཀའ་བློན་མཆོག་གིས་ད་རེས་ཀྱི་འཚམས་གཟིགས་དང་བསྟུན།    སུད་སི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་ཡང་གནང་ཡོད་པ་རེད།།