ཡོ་རོབ་གྲོས་ཚོཊ་ཀྱི་འཐུས་མི་ཚོ་འཁྲུངས་སྐར་མཉམ་ཞུགས་གནང་བ།


2016.07.01
ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Thomas Mann་མཆོག ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Thomas Mann་མཆོག
tibet.net

ཡོ་རོབ་ནང་༧གོང་ས་མཆོག་དགུང་གྲངས་གྱ་གཅིག་གི་འཁྲུངས་སྐར་སྔ་སྣུར་གྱིས་སྲུང་བརྩི་གནང་བར་ཡོ་རོབ་གྲོས་ཚོཊ་ཀྱི་འཐུས་མི་ཚོ་མཉམ་ཞུཊ་གནང་བ།
འདི་ཟླའི་ཚེས་༢༦་ཉིན་སྟེ་གཟའ་ཉི་མའི་ཉིན། བྷེལ་ཇེམ་གྱི་རྒྱལ་ས་Brussels་ནང་ཡོ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་ཨ་མའི་ཉེ་འགྲམ་དུ་ཡོད་པའི་Albert Hall Complex་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་ཞུས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཚོགས་པ་དང་། མཛད་སྒོའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་། ཡོ་རོབ་དང་བྷེལ་ཇེམ་གྱི་གྲོས་ཚོགས་འཐུས་མི། བྷེལ་ཇམ་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག ནང་པའི་ཆོས་ཚོགས་ཁག་གི་སྐུ་ཚབ་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། མཁས་དབང་། གསར་འགོད་པ་སོགས་ལྷན་བཞུགས་གནང་འདུག
མཛད་སྒོའི་ཐོག་མར་༧རྒྱལ་བའི་ཞབས་བརྟན་གསུང་དོན་གནང་བ་དང་། དེ་སྒྲུབ་པའི་རྗེས་སུ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Thomas Mann་མཆོག་གིས། ༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་ཆབས་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། ཉེ་དུས་༧གོང་ས་མཆོག་ཨ་མེ་རི་ཀའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་གཙོས་ཨ་རིའི་གཞུང་དང་། ཨ་རིའི་གྲོས་ཚོགས་ཀྱི་གནད་དོན་མི་སྣ་ཁག་མཇལ་འཕྲད་མཛད་སྐོར་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་རྟོག་ཞིབ་ཆེད་རྡ་སར་ཕེབས་སྐབས་ཀྱི་ཉམས་མྱོང་སྐོར་གསུང་སྐབས། བཙན་བྱོལ་བོད་མིིའི་འོས་བསྡུའི་ལས་རིམ་ལ་བསྡགས་བརྗོད་གནང་འདུག་ལ་ཁོང་གི་ཚོགས་པའི་ངོས་ནས་༧སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་དང་། དྲག་གནོན། ཁྲིམས་མཐུན་མིན་པའི་བཙོན་འཇུག་བྱེད་བཞིན་པ་དེར་ངོ་རྒོལ་མུ་མཐུད་གནང་གི་ཡོད་པ་དང་། བོད་དོན་ཆེད་ལས་འགུལ་སྣ་མང་སྤེལ་རྒྱུའི་ཞལ་བཞེས་དམ་བཅའ་ཡང་བཞགས་གནང་འདུག
སྐབས་དེར་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་སྐུ་མགྲོན་རྣམ་པས་བོད་ཀྱི་ལོ་རྒྱུས་ནང་གི་གཉན་ཕྲང་ཆེ་བའི་དུས་སྐབས་འདིར་༧སྐུའི་འཁྲུངས་སྲུང་བརྩིའི་མཛད་སྒོར་ལྷན་བཞུགས་གནང་བ་འདི་གལ་གནད་ཧ་ཅང་ཆེན་པོ་ཡིན་སྐོར་གསུངས་པ་དང་འབྲེལ་ཐུགས་རྗེ་ཞུས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ཡོ་རོབ་རྒྱལ་ཁབ་ཁག་ནས་བོད་མིར་གདུང་སེམས་མཉམ་སྐྱེ་གནང་སྟེ། བོད་དོན་ལས་འགུལ་མུ་མཐུད་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུས་འདུག།
དེ་བཞིན་ཧྥ་རན་སི་སྐུ་ཚབ་དོན་ཁང་དང་ཕ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཐུན་མོང་གི་གོ་སྒྲིག་འོག ཕྱི་ལོ་༢༠༡༦་ཟླ་༦་ཚེས་ ༢༩་ཉིན་ཧྥ་རན་སི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཚོགས་འདུག
༧གོང་ས་མཆོག་དེ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་གླིང་བོད་མིའི་གཞིས་སྒར་གྱི་འབྲས་སྤུང་བླ་སྤྱིར་ཞབས་སོར་འཁོད་གནང་གིས་ཆོས་འབྲེལ་མཛད་འཕྲིན་བསྐྱངས་ཀྱི་ཡོད་པ་དང་། ཕྱི་ཚེས་༦་ཉིན་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་དགེ་ལུགས་ཡོངས་དང་། མོན་གྷོ་གཞིས་ཆགས་མི་མང་ཡོངས་ཀྱིས་བཀྲིས་རྗེས་དྲན་གྱིས་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎